71335

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡིད་བཞིན་བདེ་བ་མཆོག་གི་ས་ (1)
Part of speech མིང་ཚིག
Definition མདོ། ཡིད་བཞིན་བདེ་བ་མཆོག་གི་ས་ནི་རང་རྒྱལ་གྱི་འབྲས་བུ་སྟེ། ཕྱོགས་བཅུའི་མུན་སེལ་ལས། རྟེན་འབྲེལ་དང་ལམ་ལྔ་བསྒོམས་པས་ཡིད་བཞིན་བདེ་བ་མཆོག་གི་སར་བགྲོད་པ་རང་སངས་རྒྱས་ཀྱི་ཐེག་པ་དང་། ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། རང་སངས་རྒྱས་རྣམས་ཀྱི་ངོ་ལ་ཡིད་བཞིན་བདེ་བ་མཆོག་གི་འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུ་ཐོབ་པར་སྣང་ངོ་། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཡིད་བཞིན་བདེ་བ་མཆོག་གི་ས་

|; |@@@ | | }}