71339

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡིད་བཞིན་མཛོད་ཀྱི་དཀའ་གནད་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་དཀའ་གནད་ཅི་རིགས་གསལ་བར་བྱེད་པ་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེའུའི་ཚིག་དོན་གསལ་བར་བྱེད་པའི་བསྟན་བཅོས་ཤིག་སྟེ། དེ་ཡང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས། སྨིན་གླིང་ཕྱག་དཔེ་དང་རོང་པོ་རྫོགས་ཆེན་པའི་དཔེ་སོགས་དབུས་གཙང་ཁམས་གསུམ་གྱི་ཡིད་བཞིན་མཛོད་ཀྱི་དཔེ་ཅི་རིགས་གཟིགས་རྟོག་དཔེ་བསྡུར་མཛད་དེ་འབྲུ་བཅོས་ཞིབ་པར་མཛད། རྗེས་སུ་སླར་ཡང་དཔེ་རྙིང་སོགས་ལ་གཟིགས་ནས་ཞུས་དག་ལེགས་པར་གནང་དགོས་པའི་ཐུགས་བཞེད་ཟབ་མོ་ཡོད་ན་ཡང་དེ་གར་ལུས་སོ། །དེ་ནས་ཕྱིས་སུ་ཁོང་གི་སློབ་མ་མཁན་ཆེན་པདྨ་བཛྲ་དང་། པདྨ་དོན་ཡོད། རྡོ་རྗེ་རབ་བརྟན་གསུམ་གྱིས་བརྩོན་པ་བསྐྱེད་དེ་བླ་མས་བཅོས་ཟིན་པའི་སྟེང་དུ། ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཉིད་ལ་ཡིད་བཞིན་མཛོད་འདི་ལ་བསྐྱར་དུ་ཞུ་དག་ལེགས་པོ་ཞིག་ཅིས་ཀྱང་གནང་དགོས་ཞེས་ཡང་ཡང་བསྐུལ་བ་མ་ཟད། ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ཁོང་གི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཀྱང་བསྐུལ་ཞིང་། སྦྱིན་པའི་བདག་པོ་ལ་དཀར་སྐུ་མཆེད་གཉིས་ནས་ཀྱང་གཞུང་དེ་ཞུས་དག་གྲུབ་ན་པར་བརྐོ་བའི་ལས་འགན་ཁུར་གནང་བ་སོགས་བྱུང་བའི། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཕྱི་ལོ་༡༨༨༤ ལོའི་བོད་ཟླ་དང་པོའི་ཚེས་གཅིག་ནས་དབུ་བརྩམས་ཏེ། རྫོང་གསར་བཀྲ་ཤིས་ལྷ་རྩེ་རུ་གོང་དུ་གཞན་ཕན་མཐའ་ཡས་ཀྱི་ཞུས་དག་ཟིན་པ་དང་། འཇམ་དབྱངས་མཁྱེན་བརྩེ་ནས་གནང་བའི་དཔེ་རྙིང་ཁག་ལ་གཞི་བྱས། མདོ་རྒྱུད་ཀྱི་བསྟན་བཅོས་གཞན་ལ་ཁུངས་གཏུགས་ཀྱིས་དཀའ་ཚེགས་མང་དུ་སྤྱད་དེ་དབྲི་བསྣན་དགོས་པའི་རིགས་བླ་མ་ལ་བཀའ་འདྲི་དང་། ལུང་ཁུངས་ཡར་མར་མ་འདྲ་བ་ཕྲན་བུ་ཡོད་ཀྱང་རྡོ་རྗེའི་གསུང་གི་ཟུར་མ་ཉམས་པར་བྱས་ཤིང་། སྤྱིར་ཀུན་མཁྱེན་ཀློང་ཆེན་པ་ནི་མདོ་རྒྱུད་དགོངས་འགྲེལ་ཐམས་ཅད་ཐུགས་སུ་མངའ་བས་བསམ་ཡས་ལུང་མང་བ་ཞེས་ཡོངས་སུ་གྲགས་པ་བཞིན། ཁོང་གི་གསུང་དེ་དག་དོན་ལ་འགལ་བ་མེད་པ་ཤེས་པའི་སྒོ་ནས། ཚིག་གསར་བསྣན་བྱས་པ་རྣམས་གཞུང་དངོས་ཀྱི་དཀྱུས་ལ་མ་བཙུད་པར་ཟུར་དུ་ཀ་ཁང་དུ་བསྒྲིག་ན་བསམས་པའི་ཐུགས་བཞེད་གནང་ཡང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས་བཀས་དཀྱུས་སུ་མ་བཙུད་ན་ཀློག་མི་བདེ་བར་གསུངས་པ་དང་ཁོང་གིས་བཀའ་ཇི་བཞིན་བཀོད་དེ། མདོར་ན་གཞུང་འདི་བསྡུས་དོན་གྱི་ཚུལ་དུ་ཚིག་དོན་གོ་དཀའ་བའི་རིགས་གསལ་བཤད་དང་འབྲེལ། གཞུང་གི་ས་བཅད་དང་བཅས་རྒྱས་པར་གཏན་ལ་ཕབ་པ་ཡིན་ནོ། །

{{#arraymap:ཡིད་བཞིན་མཛོད་ཀྱི་དཀའ་གནད་

|; |@@@ | | }}