71373
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུལ་པ་མེད་ཕྱིར་ཚད་མ་ཡིན། །ཞེས་བྱ་བ། དོན་བདེན་པ་ལ་ཤེས་པ་མ་འཁྲུལ་བས་བཟུང་བའི་ཕྱིར་མངོན་སུམ་ཚད་མ་ཡིན་ཡང། གཞན་ལས་ངེས་བཞིན་དུ་རང་སྟོབས་ཀྱིས་ངེས་མ་ནུས་པས་ཚད་མའི་ཐ་སྙད་མ་ཐོབ་པ་ཡིན་ཏེ། དབང་ཤེས་ཀྱི་ཡུལ་རྡུལ་ཕྲ་རབ་ཡིན་ཡང་དེར་མི་སྣང་བས་ཡུལ་དུ་མི་འཇོག་པ་བཞིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། |
| Domain | ཚད་མ། |