71573

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུང་དམར་ཇ་ (1)
Part of speech མིང་ཚིག
Definition བོན། དེ་ཡང་ཇ་ཡི་རིགས་ཞིག་ཡིན་པ་དང་། དེའི་འབྱུང་གཞིའམ་རྒྱུ་ཆ་ནི་ཤིང་གི་ནང་གསེས་ཡོངས་འདུས་ཞེས་པའི། དཔག་བསམ་ལྗོན་ཤིང་ལས་བྱུང་ཞིང་། ཁ་དོག་དམར་བའི་ཚད་ནི་རིན་པོ་ཆེའི་རིགས་བཙོ་མ་གསེར་མདོག་ལས་དམར་བ་བཏུང་ན་སྐོམས་པ་ངོམ་པའི་ཇ་ཞིག་སྟེ། (མདོ་དྲི་མེད་གཟི་བརྗིད) ལས། སྒོས་སུ་ཡུང་(ཡོངས་)དམར་ཇ་ཞེས་པ། ཡུང་(ཡོངས་)ནི་ཡོངས་འདུས་ཤིང་ལ་བྱུང་། དམར་ནི་བཙོ་མ་གསེར་ལས་དམར། ཇ་ནི་སྐོམས་པ་བང་བས་ཇ། དེ་ཕྱིར་ཡུང་(ཡོངས་)དམར་ཇ་ཞེས་བྱ། ཞེས་གསུངས་སོ། །
Domain ཆོས་ལུགས།