71583
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་བཏབ་ནས་སྐྱེ་བའི་ལོ་ཐོག་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྐང་གཅིག་ལ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། སྡོང་པོ་ཕྲ་ལ་རིང་བ་སྟོད་ཆར་ཡལ་ག་གྱེས་པ། ལོ་མ་ལྗང་འཇམ་ཉག་ཆེན་ཅན་ངར་པ་རིང་བ་པད་ཁའི་མེ་ཏོག་འདྲ་བ་ཡལ་སྡོང་གི་རྩེར་འཆར་ཞིང༌། གང་བུ་ཟླུམ་ནར་དབྱིབས་ལ་ཕུག་གི་གང་བུ་འདྲ་བ་སྤུ་ཆུང་ཅན་གྱི་ནང་དུ་འབྲས་བུ་ཟླུམ་རིལ་ཁ་དོག་དཀར་སེར་ཆེ་ཆུང་ཉུངས་སོན་ཙམ་གྲལ་བསྒྲིགས་ནས་ཡོད་པ་སྟེ། བོད་ཀྱི་ཞིང་ཁུལ་དུ་བཏབ་ནས་ཐོན་སྐྱེད་བྱེད་པ། འབྲུ་གུ་སྨིན་མཚམས་སུ་བཏུས་ཏེ་གཙང་མ་ཟོས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་མངར་བ། ཞུ་རྗེས་མངར་བ། ནུས་པ་རྩུབ་ཅིང་སྣུམ་པས་རོ་ཙ་ཉམས་པ་གསོ་བ་དང༌། ཆུ་སེར་གྱི་ནད་རིགས། མཁལ་མའི་གཉན་ཚད། གཉན་རིམས། གདོན་ནད་སོགས་སེལ་བར་བྱེད་པ་ཡིན། |