71611

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུམ་ (1)
Part of speech མིང་ཚིག
Definition ཨ་མ།
Example ཡུམ་གྱི་བཀའ་དྲིན་དྲན་ཞེས་པ་ལྟ་བུ།
Type ཞེ་ས།
ཡུམ་ (2)
Part of speech མིང་ཚིག
Definition བླ་དཔོན་གྱི་གཏན་གྲོགས་ཀྱི་མིང་།
Example གསང་ཡུམ་ཁབ་ཏུ་བཞེས་ཞེས་པ་ལྟ་བུ།
Type ཞེ་ས།
ཡུམ་ (3)
Part of speech མིང་ཚིག
Definition མདོ། སྤྱིར་ཡུམ་ཡིན་ན། བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་ཏེ། རྒྱུད་བླར། ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་། ཞེས་དང་། འཇུག་པར། ཤེས་རབ་ཡུམ་གྱིས་བསྐྱེད་པ་ཞེས་དང་། འདིར་ཡང་ཀུན་མཁྱེན་གསུམ་པོ་ཉིད་ཡུམ་དུ་བཤད་པ་དང། ལུང་ལས་ཀྱང་། བདག་མེད་བརྗོད་བྱའི་གཙོ་བོར་སྟོན་པའི་གསུང་རབ་རྣམས་ལ་ཡུམ་གྱི་ཐ་སྙད་གསུངས་པའི་ཕྱིར། དེ་ཡང་རང་སྲས་དང་རྒྱུད་གཅིག་པ་ཞིག་དགོས་ཏེ། སྤྱིར་ཡུམ་ལ་སྐྱེད་བྱེད་ཀྱི་ཡུམ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ལས། དང་པོ་ནི། སྔར་རང་རྒྱུད་ལ་སྔར་ཉམས་སུ་མྱོང་པའི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར་དང་། ཕྱི་མ་ནི། རང་དང་དུས་མཉམ་པའི་རང་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། རང་སྲས་འཕགས་པའི་སྐྱེ་བྱེད་དང་དེའི་བཞེད་དོན་སྒྲུབ་བྱེད་གང་རུང་དུ་གྱུར་པའི་བདག་མེད་རྟོགས་པའི་མཁྱེན་པ་དེ་ཡུམ་གྱི་མཚན་ཉིད་དོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།
ཡུམ་ (4)
Part of speech མིང་ཚིག
Definition རང་སྲས་འཕགས་པའི་ཡུམ་ཙམ་གྱི་མཚན་ཉིན་ནི། རང་སྲས་འཕགས་པ་ལ་ཕན་འདོགས་བྱེད་ཀྱི་མཁྱེན་པའོ། །དབྱེ་ན་གཉིས་ཏེ། ཟག་མེད་ཀྱི་ཕུང་པོ་སྐྱེད་བྱེད་ཀྱི་ཡུམ་དང། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
ཡུམ་ (5)
Part of speech མིང་ཚིག
Definition རང་སྲས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པར་དམིགས་པ།
ཡུམ་ (6)
Part of speech མིང་ཚིག
Definition རང་སྲས་སྐྲུན་པར་བྱེད་པའི་བྱེད་ལས་དང་ལྡན་པའི་མཁྱེན་པ། དེ་ལ་དབྱེ་ན། རང་སྲས་ཉན་ཐོས་འཕགས་པའི་ཡུམ་དང། རང་སྲས་རང་རྒྱལ་འཕགས་པའི་ཡུམ། རང་སྲས་སངས་འཕགས་ཀྱི་ཡུམ། རང་སྲས་བྱང་སེམས་འཕགས་པའི་ཡུམ་དང་བཞིའོ།། ཡང་དེ་ལ། རྒྱུད་གཅིག་དང་རྒྱུད་ཐ་དད་པའི་དབང་དུ་བྱས་པ་གཉིས་ལས། དང་པོ་ལ་ཐེག་ཆེན་ཚོགས་ལམ་དེ་ཐེག་ཆེན་སྦྱོར་ལམ་པའི་ཡུམ་ཡིན་པ་ནས་བཟུང་སྟེ། རྒྱུན་མཐའི་ཡེ་ཤེས་དེ་སངས་འཕགས་ཀྱི་ཡུམ་ཡིན་པའི་བར་ཡིན། རྒྱུད་ཐ་དད་པའི་དབང་དུ་བྱས་ན་བྱང་འཕགས་ལ་སྔོན་གདམས་ངག་སྟོན་པའི་མཆོག་ཀྱི་སྤྲུལ་སྐུའི་རྒྱུད་ཀྱི་མཁྱེན་པ་དེ། བྱང་འཕགས་ཀྱི་ཡུམ་ཡིན། ཐེག་དམན་འཕགས་པ་ལ་སྔོན་གདམས་ངག་སྟོན་པའི་ཐེག་དམན་གྱི་གང་ཟག་གི་རྒྱུད་ཀྱི་མཁྱེན་པ་དེ། ཐེག་དམན་འཕགས་པའི་ཡུམ་ཡིན།
ཡུམ་ (7)
Part of speech མིང་ཚིག
Definition སྔགས། ཡི་དམ་གྱི་ཤེས་རབ་མཚོན་པའི་ཆ།