71616

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུམ་གྱི་རྩ་དབུ་མའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཡུམ་གྱི་རྩ་དབུ་མའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་རེ་བདུན་པ་ཡིན། བརྗོད་བྱ་ནི། རང་བསྐྱེད་རིམ་མཁའ་སྤྱོད་མ་དབང་བཞི་ལུས་བསྒྲིག་དང་ལྡན་པ་ལ་གོ་ཆས་རྒྱས་བཏབ་ལུས་གནད་ལྡན་པས། རྩ་རླུང་ཐིག་ལེ་སྒོམ་པའི་རིམ་པ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཕག་མོ་ན་རོ་པ། །འཇིགས་མེད་གྲགས་པ་ངག་དབང་ཕམ་མཐིང་མཆེད། །ཀློག་སྐྱ་ཤེས་རབ་བརྩེགས་དང་མལ་ལོ་ཙཱ། །གོང་མ་རྣམ་ལྔ་ཞང་སྟོན་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་དང་། །ཤར་པ་ཡེ་རྒྱལ་དོར་ཆེན་ཀུན་དགའ་བཟང་། །གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་པ། །ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གསུང་རྒྱུན་བཞིན་སྙིང་པོ་དྲིལ་ནས་བྲིས་པའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།