71632

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུམ་བརྟན་ (1)
Part of speech མིང་ཚིག
Definition ཁྲི་དར་མ་འུ་དུ་མ་བཙན་དང་བཙུན་མོ་ཆེན་མ་སྣ་སྣམ་བཟའ་ལ་ཆུ་ཕག་༨༤༣ལོར་ཡབ་འདས་རྗེས་སུ་སྐུ་འཁྲུངས། ཡོངས་གྲགས་སུ་ཡུམ་བརྟན་དར་མའི་སྲས་མིན་པར་བཤད་ཀྱང༌། ཡུམ་བརྟན་དར་མའི་སྲས་དངོས་ཡིན་པ་ལ་སྒྲུབ་བྱེད་མང་ལ་གནོད་བྱེད་མེད་པ་ཞིག་ཏུ་སྣང༌། ལོ་སུམ་ཅུ་རྩ་དྲུག་གི་ཡུན་ལ་སྲིད་བཟུང༌། ། སྤ་ཚབ་བཟའ་བཀྲ་ཤིས་མཚོ་ཁབ་ཏུ་བཞེས་པར་སྲས་ཁྲི་ལྡེ་མགོན་འཁྲུངས། ཞང་ཡན་ལུ་སོགས་ཀྱིས་བློན་པོ་བྱས། རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་བླངས་ནས་དཀོན་མཆོག་ལ་མཆོད་པ་བྱས། ཁོང་ནར་སོན་པ་ན་དབུ་རུ་བཟུང་བ་དང༌། དེ་རྗེས་དབུ་གཡོར་འཁྲུགས། དགུང་ལོ་ཉི་ཤུ་རྩ་བདུན་པ་ས་གླང་༨༦༩ལོར་བོད་དུ་ཁེང་ལོག་བྱུང༌། སྐུ་ཚེ་དུ་ཐུབ་དང་འདས་པ་གང་དུ་འདས། དགུང་ལོ་སོ་དྲུག་པ་ས་ཁྱི་༨༧༨ལོར་སྐུ་གཤེགས།