71643
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ སློབ་དཔོན་ཕྱོགས་གླང་གིས་སེམས་ཙམ་རྣམ་རྫུན་པའི་ལུགས་སུ་བྱས་ཏེ་དོན་ཚན་སོ་གཉིས་སུ་བསྡུས་ཏེ་བསྟན་པ་བརྒྱད་སྟོང་དོན་བསྡུས་མཛད། ༢ ཁ་ཆེ་མཆེ་བའི་སྡེས་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྟན་པའི་ཡུམ་འགྲེལ་གནོད་འཇོམས་མཛད། ༣ རྗེ་བཙུན་བྱམས་མགོན་གྱིས་དངོས་བརྒྱད་དོན་བདུན་ཅུར་བསྟན་པ་དང་། དྲུག་ཏུ་བསྟན་པ་དང། གསུམ་དུ་བསྟན་པ་སྟེ་བཤད་ཚུལ་མི་འདྲ་བ་གསུམ་དུ་བྱས་ཏེ་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་མཛད་པའོ། ། |
| Domain | ཆོས་ལུགས། |