71684

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུལ་གྱི་ཕྲ་མེན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡུལ་གྱི་ཕྲ་མེན་བརྒྱད་ནི། སྒྱུ་འཕྲུལ་ཁྲོ་བོའི་ལྷ་ཚོགས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཡ་གྱལ་ཏེ། སེང་གདོང་ཆེན་མོ་དང་། སྟག་གདོང་ཆེན་མོ་དང་། ཝ་གདོང་ཆེན་མོ་དང། ཁྱི་གདོང་ཆེན་མོ་དང། གཞད་གདོང་མ་དང། ཀང་ཀའི་གདོང་ཅན་མ་དང། དུར་བྱའི་གདོང་ཅན་མ་དང། འུག་གདོང་ཆེན་མོའི་ཚོགས་སོ། །འདི་དག་ལ་ཕྱག་བརྙན་ཡུལ་གྱི་ཕྲ་མེན་བརྒྱད་ཅེས་ཀྱང་གྲགས་ཏེ། ཕྱོགས་བཅུའི་མུན་སེལ་ལས། སིངྷ་མུ་ཁཱ་ནི་སེང་གདོང་མའོ། །བྱཱ་གྷྲི་མུ་ཁཱ་ནི་སྟག་གདོང་མའོ། །སྲི་ལ་མུ་ཁཱ་ཝ་གདོང་མའོ། །ཤྭ་ན་སྤྱང་ཀི ཀྲི་ཏ་བྱ་རྒོད། ཀང་ཀ་དུར་བྱ། ཁ་ཁཱ་བྱ་རོག ཧུ་ལུ་མུཁཱ་འུག་པའི་གདོང་ཅན་མའོ། །ཞེས་དང་། ཡུལ་གྱི་ཕྱག་རྒྱ་ཕྲ་མེན་བརྒྱད་ལ། དེའང་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ། ཡིད་ཀྱི་ཡུལ་ཆོས། ཉོན་མོངས་པ་ཅན་གྱི་ཡུལ་ཀུན་གཞི། ཀུན་གཞིའི་ཡུལ་ཕྱི་ནང་གི་ཆོས་ཐམས་ཅད་གནས་སུ་དག་པས་ཡུལ་གྱི་ཕྱག་རྒྱའོ། །དེའང་སིངྷ་སེར་མོ་ལག་པས་རོ་བསྣོལ་ནས་ཁའི་ཐད་དུ་འཛིན་པ། བྱཱ་གྲི་དམར་མོ་རོ་ལ་མིག་འབྲུ་ཚུགས་སུ་བལྟ་བ་དང་། སྲི་ལ་ནག་མོ་ཞིང་ལ་འདག་པ་དང་། ཤྭ་ན་མཐིང་ག་རོའི་ལྟོ་བ་འདྲལ་བ་དང་། ཀྲི་ཏ་དམར་མོ་རོའི་རྒྱུ་མ་འདྲེན་པ་དང་། ཀང་ཀ་སེར་མོ་ཞིང་ཆེན་ཕྲག་ལ་ཁུར་བ་དང་། ཀཱ་ཀ་ནག་མོ་བྷན་གྲི་ཐོགས་པ་དང་། ཧུ་ལུ་མཐིང་ག་ལྕགས་ཀྱུ་འདེབས་པའོ། །ཞེས་སྐུ་མདོག་ཕྱག་མཚན་དང་བཅས་གསུངས་སོ། །
Domain ཆོས་ལུགས།