71694

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུལ་གྱི་ཚུལ་གཉིས་ (1)
Part of speech མིང་ཚིག
Definition ཡུལ་ལ་འབྲས་བུ་གཉིས། དཔེར་ན་ཡུལ་བུམ་པ་ལྟ་བུ་ལ་ཁོས་ཉེར་ལེན་གྱི་རྒྱུ་བྱས་པའི་བུམ་པའི་སྐད་ཅིག་གཉིས་པ་བེམ་པོར་སྐྱེད་པ་དང་། དབང་པོའི་གྲོགས་བྱས་ནས་མིག་གི་རྣམ་པར་ཤེས་པ་གཟུགས་དང་འདྲ་བར་སྐྱེ་བ་སྟེ་ལག་རྗེས་གཉིས་སྐྱེད་པ་ཡིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། བུམ་གཟུགས་ཀྱི་རང་གི་རིགས་འདྲ་ཕྱི་མ་བསྐྱེད་པ་དང་། ཤེས་པ་ལ་རང་འདྲའི་རྣམ་པ་གཏོད་པའི་སྒོ་ནས་འབྲས་བུ་གཉིས་དམིགས་པ་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །
Domain ཚད་མ།