72010

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡེ་ཤེས་བླ་ན་མེད་པས་རང་གོ་དོན་ཕུན་སུམ་ཚོགས་པའི་བློས་ཐུགས་སུ་ཆུད་པ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་བཤད་ལས་བྱུང་བ་སྟེ། ༡ ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་ནི་ནང་དང་ཕྱིའི་སྐྱེ་མཆེད་ཀྱི་མཚན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །༢ ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་ཆོས་བདག་མེད་པ་ལ་ཀུན་ཏུ་གཞོལ་བའི་ཕྱིར་རོ། །༣ ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་དྲི་མ་མེད་པ་ནི་བྱང་ཆུབ་སེམས་དཔའ་གནས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །༤ ལེགས་པར་ཐུགས་སུ་ཆུད་པའི་བློ་ཉིད་བླ་ན་མེད་པ་ནི་སངས་རྒྱས་ཐམས་ཅད་དང་ཁྱད་པར་མེད་པའི་ཕྱིར་རོ། །འདི་ནི་ཡེ་ཤེས་བླ་ན་མེད་པས་རང་གི་དོན་ཕུན་སུམ་ཚོགས་པའོ། །
Domain ཆོས་ལུགས།