72020

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡེ་ཤེས་མངོན་པར་བསྒྲུབ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་མོས་པ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༢ སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༣ ཕྱོགས་ཀྱི་དྲ་བ་རྣམ་པར་དབྱེ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༤ འཇིག་རྟེན་གྱི་ཁམས་སྤྱིའུ་ཚུགས་སུ་རྒྱུ་བ་དང་། སྣྲེལ་ཞིང་རྒྱུ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༥ ཆོས་ཐམས་ཅད་གཅིག་པ་དང་། ཐ་དད་པའི་འབྱམས་ཀླས་པར་རྣམ་པར་དགོད་པ་ལ་མཁས་པ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༦ ལུས་ཀྱི་རྒྱུད་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་འཇུག་པར་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༧ འདུ་ཤེས་ཀྱིས་ཕྱིན་ཅི་ལོག་ཏུ་གྱུར་པའི་འཇིག་རྟེན་གྱི་རྣམ་པའི་འདུ་ཤེས་དང་། རློམ་སེམས་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༨ ཆོས་ཀྱི་རྒྱུད་ཐམས་ཅད་ལ་འབྱུང་བ་གཅིག་གིས་མཐར་ཐུག་པར་འཇུག་པ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༩ ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། བྱིན་གྱི་རླབས་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ། ༡༠ འགྲོ་བ་ཐམས་ཅད་ཀྱི་དུས་གསུམ་དུ་འདུས་པའི་སངས་རྒྱས་ཀྱི་རིགས་ཐམས་ཅད་རྒྱུན་མི་གཅོད་པ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པའོ། །
Domain ཆོས་ལུགས།