72030

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡེ་ཤེས་འཁོར་དང་བཅས་པ་ཁོང་དུ་རྣམ་པ་སུམ་ཅུ་རྩ་གསུམ་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་དོན་གསལ་མཛོད་གནས་གཉིས་པ་ལས་བྱུང་བ་སྟེ། ༡ སེམས་རྣམ་པར་དག་པས་ལམ་རྣམ་པར་དག་པ། ༢ ལམ་རྣམ་པར་དག་པས་སེམས་རྣམ་པར་དག་པ། ༣ ཡང་དག་པའི་མཐའ་ནི་ལམ་དང་ཡེ་ཤེས་ཀྱི་དམིགས་པ་ཉིད་གཅིག་སྟེ། གནས་ཡིན་ཞིང་གཅིག་ལ་གཅིག་བརྟེན་པ། ༤ ཡང་དག་པའི་མཐའི་ཡེ་ཤེས་ལ་གནས་ཏེ་གནས་འགྱུར་བ། ༥ གནས་གྱུར་པས་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ། ༦ ཕན་ཚུན་བྱ་བ་བྱས་པར་གནས་པ། ༧ ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ། ༨ ཐོག་མ་མེད་པའི་འཁོར་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་དང་མཐུན་པ་ཡོངས་སུ་ཤེས་པ། ༩ ལས་སྣ་ཚོགས་ཀྱི་རྣམ་པར་སྨིན་པ་དེ་དང་མཐུན་པ་ཡོངས་སུ་ཤེས་པ། ༡༠ བདག་ལ་ཕན་པ་དང་གཞན་ལ་ཕན་པ་དང་མཐུན་པར་ཡོངས་སུ་ཤེས་པ། ༡༡ དགེ་བའི་རྩ་བ་ཆུང་ངུ་ཡང་ཚད་མེད་པར་བྱེད་པ། ༡༢ དགེ་བ་དང་མི་དགེ་བ་ལ་རྣམ་པར་སྤྱོད་པ། ༡༣ རྣམ་པ་སྣ་ཚོགས་ཀྱི་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ། ༡༤ དགེ་བ་དང་མི་དགེ་བའི་ཆོས་འཛུད་པ་དང་འབྱིན་པ། ༡༥ དུས་དང་འདུས་མ་ཡིན་པ་ལ་ཡོངས་སུ་རྟོག་པ། ༡༦ མཐའ་གཉིས་སྤངས་ནས་ནང་ལ་བརྟེན་པ། ༡༧ ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ། ༡༨ གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འགོད་པ། ༡༩ བསྒོམ་པ་ལ་བརྟེན་ནས་རྗེས་སུ་ཆགས་པ། ༢༠ ཁོང་ཁྲོ་བ་བོར་བ། ༢༡ འཁོར་མ་རུངས་པ་མ་ཡིན་པ་གདམས་པ། ༢༢ མ་ནོར་བར་ཐོས་པ་ཡོངས་སུ་བཙལ་བ། ༢༣ ཆོས་ཐམས་ཅད་ལ་དབང་བསྒྱུར་བ། ༢༤ བསམ་པ་དང་བག་ལ་ཉལ་ཤེས་ནས་ཇི་ལྟར་མཐུན་པར་ཆོས་སྟོན་པ། ༢༥ དེ་ཁོ་ན་ཁོང་དུ་ཆུད་པར་བྱ་བ། ༢༦ སེམས་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤོང་བ། ༢༧ བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པ། ༢༨ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། ༢༩ ཆོས་རྣམས་ཀྱི་འབྱུང་བ་དང་འཇིག་པ་ལ་ཡོངས་སུ་རྟོག་པ། ༣༠ ཆོས་ཐམས་ཅད་ལ་མཁས་པ་དང་། མྱ་ངན་ལས་འདས་པ་ལ་འདོད་པ་མེད་པ། ༣༡ མི་འཇིགས་པ་བཞི་ཐོབ་པ། ༣༢ ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པ། ༣༣ ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པ་དང་། དོན་དམ་པའི་ཚུལ་ལ་འཇུག་པས་མངོན་པར་ཞེན་པ་མེད་པ་བཅས་སོ། །
Domain ཆོས་ལུགས།