72056

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡེ་ཤེས་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། སློབ་དཔོན་མེད་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས། རྩོལ་བ་མེད་པའི་ཡེ་ཤེས་སོ། །
Domain ཆོས་ལུགས།
ཡེ་ཤེས་རྣམ་པ་བཞི་ (2)
Part of speech མིང་ཚིག
Definition ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། གང་སྐྱེས་མ་ཐག་ཏུ་ཐོབ་པའི་ཤེས་རབ་ནི་རྣམ་པར་སྨིན་པའི་ཡེ་ཤེས་ཞེས་བྱའོ། །གང་ཐོས་པ་བྱུང་བའི་ཤེས་རབ་ནི་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །བསམས་པ་ལས་བྱུང་བའི་ཤེས་རབ་ནི་ཆུད་པའི་ཡེ་ཤེས་ཞེས་བྱ་བའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་ཆུད་པའི་ཡེ་ཤེས་ཞེས་བྱའོ། །
ཡེ་ཤེས་རྣམ་པ་བཞི་ (3)
Part of speech མིང་ཚིག
Definition དེ་ལ་ཀུན་གཞི་རྣམ་པར་ཤེས་པ་དྲི་མ་དག་སྟེ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པའི་ཡིད་བདག་ཏུ་ལྟ་བའི་དྲི་མ་དག་སྟེ་གནས་གྱུུར་པ་ནི་བདག་དང་གཞན་དུ་མི་འབྱེད་དེ་མཉམ་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །མིག་ལ་སོགས་པ་སྒོ་ལྔའི་རྣམ་པར་ཤེས་པ་ཆོས་སྣ་ཚོགས་ལ་ཐ་དད་པར་རྟོག་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་དང་བཞིའོ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། ཡེ་ཤེས་དམ་པའི་ཡུལ་དུ་གཞག་གོ །