72060
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། དམིགས་པ་ལ་མངོན་པར་བརྐམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྟོབས་འབྲི་བར་བྱ་བ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། མཁས་པའི་ལུས་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྩེ་བ་ལ་མངོན་པར་ཆགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྦྱིན་པ་དང་རིམ་གྲོའི་བྱ་བ་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། དད་པ་མངོན་པར་དགའ་བའི་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྦྱོར་བའི་མཚམས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། དགའ་བའི་དུས་ཚོད་ཀྱི་སྦྱོར་བ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། གཞུང་ལུགས་མངོན་པའི་གནས་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |