72158

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡོ་ག་སྨད་ལུགས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ལོ་ཆེན་རིན་ཆེན་བཟང་པོས་པཎྜི་ཏ་སངས་རྒྱས་ཞི་བ་ལ་འདུས་པ་འཇམ་དཔལ་རྡོ་རྗེ་དང་། འཕགས་ལུགས་དང་། ཡོ་ག་དེ་ཉིད་འདུས་པ་ལ་སོགས་པ་གསན་ཞིང་པཎྜི་ཏ་དེའི་དབང་བཀའ་སོགས་ཕྱག་ལེན་ཀུན་སྙིང་གི་འགྲེལ་པའི་སྟེང་ནས་མཛད་ཀྱང་། བཤད་པ་རྣམས་ཀོ་ས་ལའི་རྒྱན་གྱི་སྟེང་ནས་མཛད་པས་ཕྱག་ལེན་དང་བཤད་པ་ཡང་མི་མཐུན་ཞིང་སྤྲོས་པ་ཆེ། དེ་དུས་ལོ་ཆེན་ཡང་སྐུ་ན་གཞོན་པས་སྤྲོས་པ་དགྱེས་ཤིང་། པུ་ཧྲང་ལོ་ཆུང་གྲེ་བ་བདེ་བ་དང་དེ་དུས་མངའ་རིས་སྟོད་དུ་བོན་པོ་རྣམས་ཀྱིས་དབྱངས་སོགས་ཀྱི་སྤྲོས་པ་ཆེར་བྱས་པས་འཇིག་རྟེན་པ་ཐམས་ཅད་མོས་པར་ཡོད་པས་དེ་རྣམས་འདུལ་བའི་ཕྱིར་དུ་རྡོ་རྗེ་དབྱིངས་ཀྱི་སྙིང་ཀའི་བདག་འཇུག་ལ། དབང་རྫས་དངོས་སུ་ལེན་པ་དང་། དབྱངས་ཀྱི་རིགས་མི་འདྲ་བ་དུ་མ་དང་། རིག་མ་བཅུ་དྲུག་མཆོད་པ་ལ་ཚིགས་བཅད་དང་། ལྷུག་པ་དང་། སྔགས་གསུམ་གསུམ་གྱི་བྱེད་པ་དང་། ཀུན་རིག་ལ་ཡང་རྡོར་དབྱིངས་ཀྱི་རྒྱས་བཀབ་ནས་སྤྲོས་པ་མང་པོ་མཛད་དོ། །དེ་དུས་ཀྱི་སློབ་མ་པུ་ཧྲང་ལོ་ཆུང་ཉང་སྟོད་ཀྱི་ལྕགས་ཞར་དང་། རྐྱང་པོ་ཆོས་བློ། བོ་དོང་གི་སྤང་ཀ་འདར་ཆུང་གི་ཕ་གཞོན་ནུ་རྒྱ་མཚོ། རིན་སྤུངས་ཀྱི་ཉཱ་སྟོད་མེ་འབར་། གཡག་སྡེ་བ་གཉན་སྟོན་ཚུལ་འབར་སོགས་ཀྱིས་ས་ཆ་སྨད་དུ་དར་བར་མཛད་ཅིང་། དེ་ནས་བརྒྱུད་དེ་རྨ་བན་ཆོས་འབར། རོང་པ་ཆོས་མགོན་སོགས་དང་། བུ་ལུགས་ཀྱི་བར་གྱི་སྲོལ་རྣམས་བྱུང་བ་ཡིན་ནོ། །དེ་རྣམས་ལོ་ཆེན་གྱི་སྐུ་ཚེའི་སྟོད་ཀྱི་བཤད་སྲོལ་ཡིན་ཡང་ས་ཆ་སྨད་དུ་དར་བས་ཡོ་ག་སྨད་ལུགས་ཞེས་གྲགས་པ་ཡིན་ནོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་སྦྱོང་རྒྱུད་བསྟན་པ་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།