72243
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་བཀྲ་ཤིས་གསོལ་བ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡོན་གྱི་ཐལ་མོ་གཤིབ་ནས་ས་བསྟན་པའི་སྟེང་དུ། གཡས་ཀྱི་ཐལ་མོ་གཤིབ་ནས་སྟེང་དུ་སྦུབ་པའོ། །ཞེས་སོ། །མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། ཡོན་ཏན་གྱི་མིང་ལ། གཡོན་པ་གཤིབ་ནས་ས་ལ་བསྟན་པ་ནི། གཞི་མི་འགྱུར་བརྟན་པའོ། །གཡས་པ་སྟེང་ནས་སྦུབ་པའོ། །འགྲོ་དོན་ཡིན་པའི་ཕྱིར་དང་། རྒྱ་ཆེ་བ་གྲུབ་པའི་དོན་ནོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |