72256
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་ནད་པ་དང་ལས་བྱེད་པ་སོགས་གསོ་སྦྱོང་དང་དགག་དབྱེར་ཡོང་མ་ཐུབ་པ་རྣམས་འདུན་པ་མ་ཕུལ་བའི་སྐྱོན་དག་པའི་གསོ་སྦྱོང་དང་དགག་དབྱེའི་སྣོད་དུ་གྱུར་བའི་ཆེད་དུ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་ལ་ཡོངས་དག་འབུལ་བའི་སྔགས་ཚིག་ལན་གསུམ་བརྗོད་པ་ལྟ་བུའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་ཡོད་དེ། དགོས་པའི་དབང་དུ་བྱས་ན་འདུན་པ་ཕུལ་བས་དེ་དང་མཐུན་པ་འགྲུབ་པ་སྟེ་ལས་ཆགས་པར་འགྱུར་ཞིང་ཡོངས་དག་ཕུལ་བས་གསོ་སྦྱོང་དང་དགག་དབྱེ་མ་བྱས་པའི་ཉེས་པ་ཁེགས་པའི་དགོས་པ་ཡོད་དོ། །ལེན་ཚུལ་གྱི་དབང་དུ་བྱས་ན། དགེ་འདུན་གྱིས་ལེན་པ་དང་། དགེ་སློང་གང་ཟག་གིས་ལེན་པ་གཉིས་སུ་ཡོད་ཅིང་འབུལ་བའང་དེ་དང་འདྲ་བ་དང་། ཆོ་ག་གཞན་ལས་ཤེས་ལ་གསོ་སྦྱོང་དང་དགག་དབྱེའི་ལས་མ་གཏོགས་ལས་ལ་ཡོངས་དག་འབུལ་དུ་མི་རུང་། འདུན་པ་ནི་མཚམས་བཅད་པ་མ་གཏོགས་ཐམས་ཅད་ལ་འབུལ་དུ་རུང་བའི་ཕྱིར། འདི་རྣམས་འཆད་པ་ལ། མདོར། འདུན་པ་འབུལ་བ་ལས་དེ་དང་མཐུན་པ་འགྲུབ་བོ་ཞེས་དང་། ཡོངས་སུ་དག་པ་ཕུལ་བ་དང་གཅིག་པ་ཉིད་དོ། །གསོ་སྦྱོང་དང་དགག་དབྱེ་ལའོ་ཞེས་སོགས་གསུངས། ཞེས་གསུངས། |
| Domain | ཆོས་ལུགས། |