72275
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ན་ལྟ་ན་སྡུག་ཅེས་པའི་ལྷའི་དབང་བོ་བརྒྱ་བྱིན་གྱི་གྲོང་ཁྱེར་ཡོད་པ་དང་། ཤིང་འདི་གྲོང་ཁྱེར་དེའི་ཕྱི་རོལ་གྱི་བྱང་ཤར་མཚམས་སུ་སྐྱེས་ཡོད། རྩ་བ་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པ་དང་། རྩེ་མོ་སྟེང་དུ་ཡར་དཔག་ཚད་བརྒྱ་འཕགས་པ་དང་། ཡལ་ག་དང་ལོ་མས་དཔག་ཚད་ལྔ་བཅུའི་སར་ཁྱབ་ཅིང་། ཆུ་ཞེང་དུ་དཔག་ཚད་བརྒྱ་ལྔ་བཅུ་སྟེ། མཐའ་སྐོར་དུ་དཔག་ཚད་བཞི་བརྒྱ་ལྔ་བཅུ་ཡོད་པ་དང་། དེའི་མེ་ཏོག་དང་འདབ་མ་རྒྱས་པའི་དྲི་དཔག་ཚད་ལྔ་བཅུར་ལྡང་བ། ལྷ་རྣམས་ལ་དགོས་འདོད་མཐའ་དག་རང་རང་གི་བསམ་པ་བཞིན་སྟེར་བ་ཞིག་ཡོད་དོ། ། |