From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཡོངས་ཤེས་ (1)
| Part of speech
|
མིང་ཚིག
|
| Definition
|
ཐམས་ཅད་དམ་ཚང་མ་ཤེས་པ།
|
ཡོངས་ཤེས་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། ཡོངས་ཤེས་ཀྱི་དབྱེ་བ་དགུ་དང་། ཡོངས་ཤེས་བསྡོམས་པ་སོགས་ཀྱི་རྣམ་གཞག་བྱེད་པའི་སྐབས་ཀྱི་ཡོངས་ཤེས་ནི་སྤངས་པའི་ཡོངས་ཤེས་ལ་བྱ་སྟེ། མཆིམས་མཛོད་ལས། དེ་ལ་སྤྱིར་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་དང༌། སྤངས་པའི་ཡོངས་སུ་ཤེས་པ་གཉིས་ལས་དང་པོ་ནི་ཟག་མེད་(རྣམ་གྲོལ་)ཀྱི་ཡེ་ཤེས་ཡིན་ལ། གཉིས་པ་ནི་དེའི་ཡུལ་སྤང་བྱ་དང་བྲལ་བ་སོ་སོར་བརྟགས་འགོག་ཡིན་ནོ། །དེ་ལྟར་གཉིས་ལས་འདིར་ནི་ཕྱི་མ་ཡིན་ཏེ། དེ་ལ་ཡོངས་ཤེས་སུ་གཞག་པ་ནི་ཡུལ་ལ་ཡུལ་ཅན་གྱིས་བཏགས་པའམ། འབྲས་བུ་སྤངས་པ་ལ་རྒྱུ་ཡེ་ཤེས་ཀྱིས་བཏགས་པའི་ཕྱིར་དང༌། མདོ་ལས་ཀྱང༌། ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་སྤངས་པ་དང༌། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ་འདི་ནི་ཡོངས་སུ་ཤེས་པ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|