72332

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡོངས་སུ་དག་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ལྷག་པའི་བསམ་པ་ཡོངས་སུ་དག་པ། ཐེ་ཚོམ་དང་ཡིད་གཉིས་རྣམ་པར་འཐོར་བ་ཡོངས་སུ་དག་པ། ལྟ་བ་ཡོངས་སུ་དག་པ། སྤྱོད་ཡུལ་ཡོངས་སུ་དག་པ། ཐམས་ཅད་མཁྱེན་པ་ཉིད་ལ་མོས་པ་ཡོངས་སུ་དག་པ། ཐ་དད་པ་ཡང་དག་པར་ཤེས་པ་ཡོངས་སུ་དག་པ། མི་འཇིགས་པ་ཡོངས་སུ་དག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་སྤོང་བ་ཡོངས་སུ་དག་པ། བྱང་ཆུབ་སེམས་དཔའི་ཡང་དག་པར་དམ་བཅས་པ་ཐམས་ཅད་ཡང་དག་པར་བསྒྲུབ་པ་ཡོངས་སུ་དག་པ། བསོད་ནམས་བརྒྱ་པའི་མཚན་གྱི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པའི་དགེ་བའི་ཆོས་དང་ལྡན་པའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་དག་པའོ། །
Domain ཆོས་ལུགས།