72335

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡོངས་སུ་དག་པ་ལས་སྣང་བ་ཉི་ཤུ་རྩ་བདུན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་ཞེ་ལྔ་པར་དངོས་གཞིའི་ཡན་ལག་འཆད་སྐབས་སུ་བསྟན་པའི་རྣམ་པར་བྱང་བའམ་ཡོངས་སུ་དག་པ་ལས་སྣང་བ་ཉི་ཤུ་རྩ་བདུན་ཏེ། རྒྱུད་དེ་ཉིད་ལས། ཡོངས་སུ་དག་པ་ལས་སྣང་བ་ནི་འདི་ལྟར། ༡འདོགས་པ་དང༌། ༢རྩོལ་བ་དང༌། ༣གནས་དང༌། ༤བདེ་བ་དང༌། ༥ཐབས་དང༌། ༦ཤེས་པ་དང༌། ༧ཤེས་པའི་གནས་དང༌། ༨ནན་ཏན་དང༌། ༩ང་རྒྱལ་མེད་པ་དང༌། ༡༠བག་ཆགས་དང༌། ༡༡མངོན་དུ་བྱ་བ་དང༌། ༡༢བསྒོམ་པ་དང༌། ༡༣སྙིང་པོ་དང༌། ༡༤རྣམ་པ་དང༌། ༡༥དམིགས་པ་དང༌། ༡༦དཔྱོད་པ་དང༌། ༡༧གཡེང་བ་དང༌། ༡༨མི་གཡེང་བ་དང༌། ༡༩བཙལ་བ་དང༌། ༢༠ཡོན་ཏན་དང༌། ༢༡བརྟན་པ་དང༌། ༢༢བསྡུ་བ་དང༌། ༢༣ཕྱོགས་བསྡུ་བ་དང༌། ༢༤རྟོགས་པ་དང༌། ༢༥ཐོབ་པར་བྱ་བ་དང༌། ༢༦སྤྱིར་ཕྱིན་པ་དང༌། ༢༧ཡོངས་སུ་བྲི་བའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།