72370
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ཅ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བ་སྟེ། ༡ དེ་བཞིན་གཤེགས་པ་ཐམས་ཅད་བལྟ་བ་དང་། བསྙེན་བཀུར་བ་དང་། མཆོད་པ་དང། རིམ་གྲོ་བྱ་བ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༢ དགེ་བའི་རྩ་བ་ཐམས་ཅད་བསགས་པ་ལས་ཕྱིར་མི་ལྡོག་ཅིང་། ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༣ ཆོས་ཐམས་ཅད་བཙལ་བ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༤ བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྦྱོར་བ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༥ བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབ་པ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༦ དུས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་འཇུག་པ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༧ ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་རྒྱས་པར་དགང་ཞིང་ཡོངས་སུ་དག་པར་བྱེད་པ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༨ སེམས་ཅན་གྱི་ཞིང་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༩ ཞིང་དང་བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབ་པ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ། ༡༠ སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱར་བས། སེམས་ཅན་གཅིག་ཡོངས་སུ་སྨིན་པར་བྱ་བའི་ཚུལ་དུ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས། དེ་བཞིན་གཤེགས་པའི་སྟོབས་གཅིག་ཡོངས་སུ་བསྒྲུབ་པ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པའོ། ། |
| Domain | ཆོས་ལུགས། |