72377

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡོངས་སུ་འགྱུར་སྤྱོད་ཀྱི་དུས་བཅུ་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ ལྔ་བརྒྱ་ཕྲག་དང་པོ་ལ་དགྲ་བཅོམ་པའི་ཡོངས་སུ་འགྱུར་སྤྱོད་ཀྱི་དུམ་བུ་དང་པོའོ། །༢ ཕྱིར་མི་འོང་བའི་ཡོངས་སུ་འགྱུར་སྤྱོད་ཀྱི་དུམ་བུ་གཉིས་པའོ། །༣ རྒྱུན་དུ་ཞུགས་པའི་ཡོངས་སུ་འགྱུར་སྤྱོད་དོ། འདི་ཙམ་གྱིས་ནི་རྟོགས་པ་ཡོངས་སུ་རྫོགས་པའོ། །༤ ལྷག་མཐོང་ཡོངས་སུ་སྤྱོད་པའོ། །༥ ཏིང་ངེ་འཛིན་གྱི་ཡོངས་སུ་སྤྱོད་པའོ། །༦ ཚུལ་ཁྲིམས་ཡོངས་སུ་སྤྱོད་པའོ། །འདི་ཙམ་གྱིས་སྒྲུབ་པ་ཡོངས་སུ་སྤྱོད་པ་རྫོགས་སོ། །༧ ཆོས་མངོན་པའམ་སྡེ་སྣོད་ཡོངས་སུ་སྤྱོད་ཅིང་འགྱུར་བའོ། །༨ མདོ་སྡེའི་སྡེ་སྣོད་ཡོངས་སུ་སྤྱོད་ཅིང་འགྱུར་བའོ། །༩ འདུལ་བའིསྡེ་སྣོད་ཡོངས་སུ་འགྱུར་བའོ། །འདི་ཙམ་གྱིས་ལུང་ལ་ཡོངས་སུ་སྤྱོད་པ་རྫོགས་སོ། །༡༠ ལྔ་བརྒྱ་ཕྲག་བཅུ་པ་ལ་རྟགས་ཙམ་ཉིད་ཀྱི་ཁྱད་པར་འཕགས་པའོ། །
Domain ཆོས་ལུགས།