72393

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡོངས་སུ་སྐྱོ་བར་རིག་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་ཐོས་ན་སྐྲག་པ། འཁོར་བ་ཚད་མེད་པ་ཐོས་ན་སྐྲག་པ། སངས་རྒྱས་ཀྱི་ཡེ་ཤེས་ཚད་མེད་པ་ཐོས་ན་སྐྲག་པ། བསོད་ནམས་ཚད་མེད་པ་ཐོས་ན་སྐྲག་པའོ། །
Domain ཆོས་ལུགས།
ཡོངས་སུ་སྐྱོ་བར་རིག་པའི་ཆོས་བཞི་ (2)
Part of speech མིང་ཚིག
Definition སྐབས་སྐབས་སུ་ཉན་ཐོས་ཀྱི་ཐེག་པ་ལ་རེ་བ། སྐབས་སྐབས་སུ་རང་སངས་རྒྱས་ཀྱི་ཐེག་པ་ལ་རེག་པ། དམ་པའི་ཆོས་རྣམ་པར་འཇིག་པ་མ་ཡལ་བར་འདོར་ཞིང་ཡོངས་སུ་མི་འཛིན་པ། གཞན་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཛིན་དུ་མི་འཇུག་པའོ། །
ཡོངས་སུ་སྐྱོ་བར་རིག་པའི་ཆོས་བཞི་ (3)
Part of speech མིང་ཚིག
Definition སློང་བ་མཐོང་ན་ཡོངས་སུ་སྐྱོ་བ། བསོད་ནམས་བྱེད་པར་སྦྱོར་བ་ལ་བརྩོན་པར་མི་གནས་པ། མང་དུ་ཐོས་པ་ཚོལ་བ་ལ་མི་བརྩོན་པ། ཇི་ལྟར་ཐོས་པའི་ཆོས་རྣམས་གཞན་ལ་མི་སྟོན་པའོ། །
ཡོངས་སུ་སྐྱོ་བར་རིག་པའི་ཆོས་བཞི་ (4)
Part of speech མིང་ཚིག
Definition སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ། བསྡུ་བའི་དངོས་པོ་ལ་མི་སྦྱོར་བ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་བརྩོན་འགྲུས་མི་རྩོམ་པ། ཡོན་ཏན་ཆུང་ངུ་ཙམ་གྱིས་ཆོག་པར་འཛིན་ཅིང་གོང་དུ་མི་ཚོལ་བའོ། །