72462

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡོན་ཏན་ (1)
Part of speech མིང་ཚིག
Definition རིག་པའི་གནས་ཏེ།
Example ཡོན་ཏན་བསླབ་ན་རང་ལ་ཕན། ཚེ་གང་ཡོན་ཏན་སྦྱངས། ཡོན་ཏན་ཞིག་སློབ་ཏུ་སོང་ཞེས་པ་ལྟ་བུ།
ཡོན་ཏན་ (2)
Part of speech མིང་ཚིག
Definition རིག་པའི་གནས་ལ་སྦྱངས་ནས་ཁོང་དུ་ཆུད་པའི་ཤེས་བྱ།
Keyword True
Example མི་ཡོན་ཏན་ཅན་ཞེས་དང་། ཡོན་ཏན་ཡོད་ན་སྒོར་མོ་ཡིན་ཞེས་དང་། འདིར་ཕེབས་པའི་མི་ཚང་མ་ཡོན་ཏན་ཅན་ཤ་སྟག་རེད་ཅེས་པ་ལྟ་བུ།
Antonyms སྐྱོན་ཆ།
ཡོན་ཏན་ (3)
Part of speech མིང་ཚིག
Definition ཁྱད་ཆོས།
Example སྨན་གྱི་ཡོན་ཏན་ཞེས་དང་། སྡུག་པའི་ཡོན་ཏན་ནི་བཤགས་ན་དག་རྒྱུ་ཡོད་པ་དེ་རེད་ཅེས་པ་ལྟ་བུ།
Antonyms སྐྱོན་ཆ།
ཡོན་ཏན་ (4)
Part of speech མིང་ཚིག
Definition ནུས་པ།
Example ཆང་གི་ཡོན་ཏན་ཞེས་དང་། ཁ་ཟས་ཀྱི་ཡོན་ཏན་ཞེས་པ་ལྟ་བུ།
ཡོན་ཏན་ (5)
Part of speech མིང་ཚིག
Definition གྲངས་ཀ་གསུམ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་བཅས་ཡོན་ཏན་གསུམ་ཡོད་པས་སོ། །
Type མངོན་བརྗོད།