72602

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ར་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་ཉེར་ལྔ་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་སྤྱི་བོ། བྱེད་པ་ལྕེའི་རྩེ་མོ་རྐན་དང་ཅུང་ཟད་ཕྲད་པ། སྒྲ་འབྱིན་ཚུལ་ཆེས་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་གཤམ་གྱི་ཡི་གེ་ཞིག

{{#arraymap:ར་

|; |@@@ | | }}

ར་ (2)
Part of speech མིང་ཚིག
Definition སྒོ་ཕྱུགས་ར་ལུག་གཉིས་ཀྱི་ནང་ནས་ར་ཡི་དོན་ཏེ། ལུག་དང་འདྲ་ལ་ཅུང་ཟད་ཆུང་བ། རྩིད་པ་རིང་ཞིང་། རྭ་ཅོ་ཕལ་མོ་ཆེ་གྱེན་དུ་འགྲེང་བ། བྲག་ལ་འགོ་དགའ་བ་ཞིག་སྟེ། ཕོ་ལ་ར་བོ་དང་མོ་ལ་ར་མ་ཟེར། སྤྱི་མིང་ལ་ར་དང་། ར་མ་ཡང་ཟེར། ར་ཡི་སྙིང་དང་གློ་བས་སྲིན་ནད་འཇོམས། །མཆིན་པས་སྲིན་སེལ་སྲོད་ལོང་མིག་ལ་ཕན། །མཁྲིས་པས་སྲིན་གསོད་དུག་ནད་ཚེགས་བྱེར་སེལ། །མཚེར་བས་བྱིས་པའི་ཁ་ལྐུགས་འབྱེད་པར་བྱེད། །ཚིལ་གྱིས་སྲིན་དང་རེག་དུག་རྨ་རྣམས་སེལ། །རུས་པས་མདེའུ་དང་རུས་འཛེར་འདོན་པར་བྱེད། །རྭ་དང་ཁྲག་ནི་ཚད་པའི་ནད་ལ་ཕན། །རྭ་གཞོབ་བད་ཀན་ལྦ་བ་གཟེར་རྣམས་འཇོམས། །འོ་མས་སྐོམ་རིམས་དབུགས་མི་བདེ་བ་དང་། །ཁྲག་དང་མཁྲིས་པ་ཚད་པའི་ནད་ལ་ཕན། །ར་མར་སྙོམས་ལ་བསིལ་བས་རླུང་ཚད་སེལ། །སློ་ལུམས་རྒྱུ་བའི་སོ་ནད་སེལ་བ་དང་། །རིལ་མའི་ལུམས་ཀྱིས་མཛེ་དང་དུག་ལ་ཕན། །ར་དཀར་སྤུ་ཡིས་གདོན་སྲུང་ཆུ་བུར་འཇོམས། །ར་སྔོན་ཨོག་ཚོམ་དམུ་ཆུའི་ནད་བདག་སྐྲོད། །ར་མ་རྒྱ་རྒྱའི་སྣ་ཁྲག་རྨ་ལ་ཕན། །ར་རོག་གཉའ་ཁྲག་ཚོགས་ཀྱི་ཆུ་སེར་སྡོམ། །མ་ཟད་ལྐོག་མའི་སྤུ་ཡིས་རྨ་ཁ་གསོ། །ར་ཐུག་རྨོངས་སྤུས་ལྷོག་འཇོམས་ཐེའུ་རང་སྲུང་། །
Keyword True

{{#arraymap:ར་

|; |@@@ | | }}

ར་ (3)
Part of speech མིང་ཚིག
Definition ར་བ་ཡི་ཚིག་བསྡུས་པ་སྟེ།
Example རྡོ་ར། ཤིང་ར་ལྟ་བུ།

{{#arraymap:ར་

|; |@@@ | | }}

ར་ (1)
Part of speech ཕྲད་ཚིག
Definition ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་རུ་བསྡུས་པའི་ར་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་ར་འཐོབ་པ་ཡིན།
Keyword True
Example རྟར་ཞོན། ནམ་མཁར་འཕུར། བུམ་པར་ཆུ་བླུགས་ལྟ་བུ།

{{#arraymap:ར་

|; |@@@ | | }}

ར་ (2)
Part of speech ཕྲད་ཚིག
Definition དགོས་ཆེད་ལ་འཇུག་པ། རུ་བསྡུས་པའི་ར་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་གང་ཡང་རུང་བ་ཞིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་ར་འཐོབ་པ་ཡིན།
Keyword True
Example དཔེ་ཆ་བལྟར་སོང་ཞེས་དང་། ཆུ་ལེན་པར་སོང་། སྨན་ཉོ་རུ་མངག་ལྟ་བུ།

{{#arraymap:ར་

|; |@@@ | | }}

ར་ (3)
Part of speech ཕྲད་ཚིག
Definition རྟེན་གནས་ལ་འཇུག་པ། ར་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་ར་འཐོབ་པ་ཡིན།
Keyword True
Example རྒྱ་མཚོར་ཉ་རིགས་མང་། བུམ་པར་ཆུ་ཡོད་ལྟ་བུ།

{{#arraymap:ར་

|; |@@@ | | }}

ར་ (4)
Part of speech ཕྲད་ཚིག
Definition དེ་ཉིད་ལ་འཇུག་པ། ལ་དོན་གྱི་ར་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་ར་འཐོབ་པ་ཡིན།
Keyword True
Example བདེན་པར་མ་གྲུབ་པ་ལེགས་པར་རྟོགས། སྲིད་ཇུས་གསལ་བར་ཤེས་ལྟ་བུ།

{{#arraymap:ར་

|; |@@@ | | }}

ར་ (5)
Part of speech ཕྲད་ཚིག
Definition ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་སུ་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་ར་འཐོབ་པ་ཡིན།
Keyword True
Example ཉལ་ཁར་གཞས་ཉན། འཆར་ཁར་ལུས་རྩལ་སྦྱངས་ལྟ་བུ།

{{#arraymap:ར་

|; |@@@ | | }}

ར་ (1)
Part of speech གྲོགས་ཚིག
Definition མིང་འགའ་ཞིག་གི་སྔོན་དུ་སྦྱར་རྒྱུའི་ཚིག་གྲོགས་ཤིག་སྟེ།
Example ར་སྤྲོད། ར་མདའ་ལྟ་བུ།

{{#arraymap:ར་

|; |@@@ | | }}

ར་ (1)
Part of speech གྲངས་ཚིག
Definition ཞང་སྐད། བརྒྱ།

{{#arraymap:ར་

|; |@@@ | | }}