72956

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རང་བཞིན་ཁྱད་ཆོས་གསུམ་ལྡན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། རང་བཞིན་ཁྱད་ཆོས་གསུམ་ལྡན་ནི། རྒྱུ་རྐྱེན་གྱིས་མ་བསྐྱེད་པ། འཇོག་བྱེད་གཞན་ལ་རག་མ་ལས་པ། གནས་སྐབས་གཞན་ནས་གཞན་དུ་མི་འགྱུར་བ་སྟེ། ཁྱད་ཆོས་གསུམ་ལྡན་དེ་་དགག་བྱ་མཐར་ཐུག་མིན་ཏེ། སྟོང་པ་ཉིད་ཀྱང་རང་བཞིན་ཁྱད་ཆོས་གསུམ་པོ་དེ་དང་ལྡན་པའི་ཕྱིར་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་ལུགས་ལ། རྩ་ཤེའི་ལུང་(རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་བལྟོས་པ་མེད་པ་ཡིན། )དེས། དེ་ལྟ་བུའི་དགག་བྱའི་ཁྱད་པར་བསྟན་པ་མ་ཡིན་ཏེ། རང་ལུགས་ལ་ཁས་ལེན་པའི་རང་བཞིན་བསྟན་པ་ཡིན་པའི་ཕྱིར། དེ་ཡང་མེ་བདེན་པས་སྟོང་པ་དེ་ཁྱད་ཆོས་གསུམ་དང་ལྡན་པ་ཡིན་ཏེ། ཆུའི་ཚ་བ་ལྟར་ངོ་བོ་རྒྱུ་རྐྱེན་གྱིས་ཀྱང་མ་བསྐྱེད། འཇོག་བྱེད་གཞན་ལ་རག་མ་ལས། གནས་སྐབས་གཞན་དང་གཞན་དུ་ཡང་མི་འགྱུར། ཞེས་གསུངས། རང་འགྲེལ་ལས། ཁྱད་པར་དུ་མཛད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱི་ཞལ་གྱིས་བཞེས་པ་ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་རྒྱས་པར་གསུངས་པ་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག ། མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། དེ་དག་གི་བཅོས་མ་མ་ཡིན་པ་ཉིད་དང༌། གཞན་ལ་བལྟོས་པ་མེད་པ་གང་ཡིན་པ་སྟེ། ཞེས་གསུངས།
Domain ཆོས་ལུགས།