73013
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅུ་དྲུག་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སེམས་ཉིད་མ་བཅོས་ཚུལ་བཞིན་དུ། །ལུས་ཀྱང་མ་བཅོས་མཉམ་གནས་ན། །རང་བཞིན་ཆ་ལུགས་ཕྱག་རྒྱ་ཡིན། །ཞེས་པ་དེ་དག་གི་ཚིག་དོན་ནི། ཐུགས་ཉིད་སྒྲིབ་བྲལ་ཡེ་ནས་མ་བཅོས་པའི་ངང་ཉིད་དུ་གནས་པ་བཞིན། སྐུ་ལུས་ཀྱང་འགལ་མཐུན་གྱི་རྐྱེན་དབང་གང་གིས་གཡོ་འགུལ་གྱི་རྣམ་པར་མ་བཅོས་པ་རང་བཞིན་གྱི་ཆ་ལུགས་སྟོན་པར་མཛད་པའི་དོན་ནོ། ། |
| Domain | ཆོས་ལུགས། |