From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རང་བཞིན་མ་དམིགས་པའི་རྟགས་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
སྣང་རུང་གི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་ལ་བཞིར་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་དངོས་ཀྱི་ལྡོག་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རང་བཞིན་ཡིན་པ།
|
| Example
|
ལྟོ་ལྡིར་ཞབས་ཞུམ་གྱིས་དག་པའི་ས་ཕྱོགས་ན་བུམ་པ་མེད་པར་སྒྲུབ་པ་ལ་ལྟོ་ལྡིར་ཞབས་ཞུམ་སྣང་རུང་མ་དམིགས་པ་ལྟ་བུ། ཞེས་གསུངས།
|
| Domain
|
ཚད་མ།
|
རང་བཞིན་མ་དམིགས་པའི་རྟགས་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག རྟགས་ཆོས་གཉིས་པོ་དེ་མཚན་ཉིད་དང་། མཚོན་བྱར་སོང་བ།
|
| Example
|
བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
|