73221

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རང་རྒྱལ་གྱི་ཐེག་པ་ (1)
Part of speech མིང་ཚིག
Definition རང་རྒྱལ་གྱི་ཐེག་པ་ནི་ཕྱི་མཚན་ཉིད་རྒྱུའི་ཐེག་པའམ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་གྱི་ཡ་གྱལ་ལས་གཉིས་པ་སྟེ། འདིའི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། རང་རྒྱལ་གྱི་ཐེག་པའི་འཇུག་སྒོ་ཉན་ཐོས་དང་འདྲ་ལ། ལྟ་བ་གང་ཟག་གི་བདག་མེད་རྟོགས་པའི་སྟེང་གཟུང་བ་རང་བཞིན་མེད་པར་རྟོགས་པས་བདག་མེད་ཕྱེད་དང་གཉིས་རྟོགས་ཤིང་། སྒོམ་པའི་སྒོས་ཆོས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་སྒོམ་ཞིང་། སྤྱོད་པ་ཉན་ཐོས་དང་འདྲ་བས། འབྲས་བུ་དབང་རྣོན་བསེ་རུ་ལྟ་བུ་དང་དབང་རྟུལ་ནེ་ཙོ་ལྟ་བུ་གཉིས་ཐོབ་པར་འདོད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རང་རྒྱལ་གྱི་ཐེག་པ་

|; |@@@ | | }}