73492
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་འཕགས་པ་བྱམས་པའི་སེང་གེའི་སྒྲ་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ མང་དུ་ཐོས་པས་རྒྱགས་ཤིང་དེ་མང་དུ་ཐོས་པས་བག་མེད་པར་འགྱུར་བ། ༢ རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་རྒྱགས་ཤིང་དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཟིལ་གྱིས་ནོན་པས་བག་མེད་པར་འགྱུར་བ། ༣ མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་གྱིས་རྒྱགས་ཤིང་དེ་མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་གྱིས་སྤགས་པས་བག་མེད་པར་འགྱུར་བ། ༤ སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པས་རྒྱགས་ཤིང་དེ་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པས་རྒྱགས་པས་བདག་ལ་བསྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་པ་དེ་ནི་བག་མེད་པ་ཞེས་བྱ་བའོ། ། |
| Domain | ཆོས་ལུགས། |