73531
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ༡ དེ་བུ་དང༌། ཆུང་མ་དང༌། ནོར་ལ་སྲེད་པར་མི་འགྱུར་བ། ༢ དེ་འདོད་པ་ཡོངས་སུ་འཛིན་པར་མི་འགྱུར་བ། ༣ དགོན་པར་གནས་པ་ལ་དགའ་བ། ༤ སངས་རྒྱས་ལ་གུས་པར་འགྱུར་བ། ༥ བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ། ༦ བདེ་འགྲོ་འཐོབ་པར་བྱེད་པའི་ཆོས་རྣམས་ཡོངས་སུ་འཚོལ་བ། ངན་འགྲོ་འཐོབ་པར་བྱེད་པའི་ཆོས་རྣམས་སྤོང་བ། ༧ ལྷ་དང་མིར་སྨིན་པར་བྱེད་པ། ༨ རྟག་ཏུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་འབྱུང་བར་འགྱུར་བ། ༩ མཐོ་རིས་སུ་སྐྱེ་བར་འགྱུར་བ། ༡༠ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ། |
| Domain | ཆོས་ལུགས། |