73606

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རབ་བྱུང་སྒྲུབ་པའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བསྒྲུབ་བྱ་དེ་ཉིད་དངོས་གཞི་རབ་བྱུང་མ་སྒྲུབ་པའི་སྔོན་དུ་ཚང་དགོས་པའི་ཆ་རྐྱེན་ནམ་སྔོན་འགྲོའི་ལས་དག་ལ་གོ དེའི་དོན་ཞིབ་པར་བཤད་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོའི་དབང་དུ་བྱས་ནས། གསོལ་བའི་འོག་ཏུ་ཡང་རུང་ངོ་། །ཞེས་པ་ཡན་ཆད་ཀྱི་མདོ་གསུངས། དོན་ནི་ད་ལྟར་གྱི་ཆོ་གས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་འདོད་ཕྱིན་མཁན་པོ་ལ་བརྟེན་དགོས་ལ། མཁན་པོར་གྱུར་པའི་དགེ་སློང་གིས་ཀྱང་བསྒྲུབ་བྱ་ལ་བར་ཆད་ཡོད་མེད་དྲིས་ནས་ཡོངས་སུ་དག་པ་ལ། ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བྱའོ། །ཞེས་སྐབས་དབྱེ་བར་བྱ་བ་ཡིན་ནོ། །ཞེས་པའི་དོན་སྟོན་པ་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱེད་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་སོ། །དེའི་ཡང་སྔོན་དུ་དགེ་བསྙེན་གྱི་སྡོམ་པ་ལེན་པ་འགྲོ་དགོས་ཏེ། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང། དགེ་སློང་ཉིད་དག་གི་སྔ་མ་སྔ་མ་བསྙེན་པར་མ་རྫོགས་པར་ཕྱི་མ་ཕྱི་མ་མི་བྱ་བ་ཡིན་པའི་ཕྱིར་ཏེ། བྱ་བར་མི་རུང་བའི་ཕྱིར་ཏེ། བྱས་ན་སྐྱེ་ལ་ཉེས་བྱས་སུ་བཤད་པའི་ཕྱིར་ཏེ། མདོ་ལས། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་གསུངས་པ་དང་། ཊཱིཀྐ་ལས་ཀྱང་། ཉེས་བྱས་ཙམ་དུ་ཟད་ཀྱི། སྡོམ་པ་ནི་སྐྱེའོ། །ཞེས་གསུངས་པའི་ཕྱིར། དེས་ན་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་སྐྱེ་བའི་དབང་དུ་བྱས་ནས་གོ་རིམ་ངེས་སོ། །ཁ་ཅིག་ན་རེ། དགེ་བསྙེན་གྱི་སྡོམ་པ་སྔོན་དུ་མ་སོང་བར་དགེ་ཚུལ་གྱི་སྡོམ་པ་སོགས་སྐྱེ་བ་ཡོད་ཀྱང་། བར་མ་རབ་བྱུང་སྔོན་དུ་མ་སོང་བར་དགེ་ཚུལ་གྱི་སྡོམ་པ་སོགས་སྐྱེ་བ་མེད་ཟེར་བ་མི་འཐད་དེ། མཁན་པོ་མེད་པར་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་ཏེ། མདོ་ལས། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་། །ཞེས་གསུངས་པ་དང་། ལུང་ལས་ཀྱང་། བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་ན་བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། ཨུ་པ་ལི་བསྙེན་པར་རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ལ་ནི་འདས་པ་དང་བཅས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འོ་ན་དགེ་བསྙེན་དང་དགེ་ཚུལ་ལ་བསྙེན་པར་རྫོགས་པ་ཞེས་བརྗོད་པ་ཇི་ལྟ་བུ་ཡིན་ཞེ་ན། གཙང་ཊཱིཀ་དུ། རྫོགས་པ་མྱང་འདས་དང་། བསྙེན་པ་ཞེས་པ་ཉེ་བ་ཡིན་ལ། དེ་གཉིས་ཀྱང་མྱང་འདས་ལ་ཁད་ཉེ་བའི་སྡོམ་པ་ཡིན་པས་དེ་སྐད་དུ་བརྗོད། ཅེས་གསུངས། རང་གི་བསམ་དོན་ནི་སྡོམ་པ་གསུམ་སྔ་མ་སྔ་མ་བསྙེན་པར་མ་རྫོགས་པ་སྟེ། ཉེ་བར་མ་སྒྲུབ་པར་ཕྱི་མ་ཕྱི་མ་མི་བླང་། ཞེས་ཀྱང་བཤད་དུ་རུང་བར་སེམས་སོ། །ཞེས་སོགས་གསུངས།
Domain ཆོས་ལུགས།