73610
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བཞི་པའི་སྟོད་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་མནོས། འདུལ་གཞུང་སོགས་ལ་ཐུགས་བརྩོན་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་སེང་གེ་སྒྲའི་སྲུང་བའི་འཁོར་ལོ་དང་། དོན་ཡོད་ཞགས་པའི་སྒྲུབ་ཐབས་མདོར་བསྡུས་པ། དོན་ཡོད་ཞགས་པའི་གཏོར་མའི་ཆོག གསོ་སྦྱོོང་བླང་བ། འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་ཆོ་གའི་མན་ངག་བཅས་བཞུགས། |