From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རབ་རིབ་པ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
དངོས་རྫས་སོགས་གཞན་གྱིས་བསྒྲིབས་ནས་གསལ་པོ་མིན་པའི་དོན།
|
| Example
|
ས་རབ་རིབ་ཅེས་དང་། དགོང་རབ་རིབ་ཅེས་དང་། མིག་རབ་རིབ་ཅེས་པ་ལྟ་བུ།
|
རབ་རིབ་པ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
རབ་བི་རིབ་བིའི་བསྡུས་ཚིག་ཡིན་པས་དེར་ལྟོས།
|
རབ་རིབ་པ་ (3)
| Part of speech
|
རྒྱན་ཚིག
|
| Definition
|
ལིང་ཏོག་སྟེ། མིག་ལྕིབས་ཀྱི་ནང་ངོས་དང་། མིག་འབྲས་ཀྱི་སྟེང་དུ་འབྲུམ་པ་ཆུང་ངུ་འབྱུང་ཞིང་། ཕལ་ཆེ་བ་ན་ཟུག་ཤིན་ཏུ་ཆེ་བ་ཞིག་ཡིན།
|