73910

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རི་ (1)
Part of speech མིང་ཚིག
Definition ས་ངོས་ནས་མཁའ་ལ་འཕགས་པའི་སའི་ཕུང་པོ་ཆེན་པོའམ་ས་དབྱིབས་མཐོན་པོ་ཞིག་ལ་ཟེར།
Keyword True
Example རི་ལ་མེ་ཤོར་ལྟ་བུ།
Synonyms ལ། གི་རི། གྱེན་འཕྱུར། གྱེན་བརྩེགས། ཆ་ཤས་ཚེར་བརྩེགས། ཆ་ཤས་མཆེ་བརྩེགས། ཆུ་སྐྱོབ། རྡུལ་བརྩེགས། སྤོ་མཐོ་མ། ཟོམ་ཅན། སྤྲིན་གྱི་སོ་ཅན། སྤྲིན་འཛིན། མི་གཡོ་བ། བརྟན་པ། མི་འགྲོ་བ། འགྲོ་མེད། ཟུར་མཁར། ས་འཛིན། ས་གཞི་འཆང་། འཛིན་བྱེད། ས་གཞི་འཛིན། ས་གཞི་སྐྱོབ། ས་སྐྱོབ། ས་ཡི་རྣ་བ། ས་ཡི་ཕུར་བུ། རྩེ་མོ་ཅན།

{{#arraymap:རི་

|; |@@@ | | }}

རི་ (2)
Part of speech མིང་ཚིག
Definition མིས་གསོ་སྐྱོང་དང་འདེབས་འཛུགས་བྱེད་པ་ལ་མ་བརྟེན་པའི་དོན་ལ་འཇུག་སྟེ།
Example རི་བྱ་ཞེས་དང་། རི་སྤྱང་ཞེས་དང་། རི་སྐྱེས་རྩི་ཤིང་ཞེས་པ་ལྟ་བུ།

{{#arraymap:རི་

|; |@@@ | | }}

རི་ (3)
Part of speech མིང་ཚིག
Definition རི་བོའི་དབྱིབས་སུ་དོད་པའི་མཛུབ་རྩེའི་རི་མོ་ལ་རི་ཟེར།
Example ཁྱོད་ཀྱི་མཛུབ་གུའི་རི་མོ་རི་རེད་དམ་མཚོ་རེད་ཅེས་པ་ལྟ་བུ།

{{#arraymap:རི་

|; |@@@ | | }}

རི་ (4)
Part of speech མིང་ཚིག
Definition ལྷམ་གྱི་ཡུ་བ་དང་། མཐིལ་གཉིས་ཀྱི་བར་དུ་ཡོད་པའི་ཆ་ཤས།

{{#arraymap:རི་

|; |@@@ | | }}

རི་ (5)
Part of speech མིང་ཚིག
Definition མདོ། མངོན་པ། རིའི་རྒྱལ་པོའམ་ལྷུན་པོ་སྟེ། གསེར་དཀྱིལ་ཆགས་པའི་རྗས་སུ་ནམ་མཁའ་ལ་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་འཁྲིག དེ་ལས་ཁམས་སྣ་ཚོགས་པ་ཅན་གྱི་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་ཡུན་རིང་དུ་བབས་པ་བསགས་པ་ལས་རྒྱ་མཚོ་ཆེན་པོ་གྱུར། དེ་ནས་ཕྱོགས་བཞི་ནས་རླུང་གྲུ་བཞིར་ལངས་ནས་བསྲུབ་པ་ལས་ཁམས་རབ་རྣམས་ལས་དབུས་སུ་ཤར་དངུལ། ལྷོར་བེེེེཌཱུརྱ། ནུབ་ཤེལ་དམར་པོ། ཁ་ཅིག་པདྨ་རཱ་ག་ཟེར། བྱང་གསེར་ཏེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ལྷུན་པོ་སྟེ་རི་རབ་ཆགས། ཁམས་འབྲིང་རྣམས་ལས་གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག་རི། རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་རི་སྟེ་གསེར་གྱི་རི་བདུན་ཆགས། ཁམས་ཐ་མ་རྣམས་ལས་གླིང་བཞི། གླིང་ཕྲན་བརྒྱད། དེ་དག་གི་ཕྱི་རོལ་ཏུ་འཁོར་ཡུག་གི་ལྕགས་རི་དང་བཅས་པ་ཆགས་པའི་ཕྱིར། རི་དགུ་གར་གྱི་རྒྱུ་དབྱིབས་རྒྱ་དཔངས་སོགས་ཀྱང་གཞག་ཏུ་ཡོད་དེ། ལྷུན་པོ་གོང་དུ་བཤད་པ་ལྟར་དང་། གཉའ་ཤིང་འཛིན་སོགས་རི་བདུན་པོ་གསེར་དང་ཁོར་ཡུག་གི་རི་ལྕགས་ལས་གྲུབ་པ་ཡིན་ཅིང་། དབྱིབས་ནི་རི་དགུ་གར་གྲུ་བཞི་པ་དེ་ཡང་ཕྱི་མ་བརྒྱད་རིམ་པ་བཞིན་དུ་རི་རབ་ལ་བསྐོར་ནས་གནས་ཤིང་། རྒྱ་དཔངས་ནི་རི་དགུ་གར་ཆུ་ནང་དུ་དཔག་ཚད་བརྒྱད་ཁྲི་རེ་ནུབ་པ་མཉམ། ལྷུན་པོ་ཆུ་མཚམས་ཡན་ཆད་དུ་དཔག་ཚད་བརྒྱད་ཁྲི། རི་ཕྱི་མ་བརྒྱད་ནང་མ་ནང་མ་ལས་ཕྱི་མ་རྒྱ་དཔངས་གཉིས་ཀར་དུ་ཕྱེད་ཕྱེད་དབྲི་བ་རྣམས་སུ་ཡོད་པའི་ཕྱིར། ཆུ་མཚམས་ཡན་ཆད་ཀྱི་གཉའ་ཤིང་འཛིན་ལ་དཔག་ཚད་བཞི་ཁྲི་ཡོད་པ་ནས་ཁོར་ཡུག་གི་ལྕགས་རི་ལ་སུམ་བརྒྱ་ཕྱེད་བཅུ་གསུམ་ཡོད་པའི་བར་དུ་ཡོད་པའི་ཕྱིར་དང་། དེ་དག་གི་རྔམས་ཏེ་རྒྱར་ཡང་རང་རང་གི་དཔངས་དང་མཉམ་པ་ཡིན་པའི་ཕྱིར། འོ་ན་གླིང་འདིའི་ནམ་མཁའ་ཁ་དོག་སྔོན་པོར་སྣང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། གླིང་རང་རང་གི་ཕྱོགས་ཀྱི་རི་རབ་ཀྱི་རིན་པོ་ཆེའི་མདོག་ཕྱིའི་རྒྱ་མཚོ་ལ་ཕོགས་པའི་འོད་ཀྱིས་ནམ་མཁའི་མདོག་ཀྱང་སྔོན་པོ་སོགས་སུ་སྣང་བ་ཡིན་པས། འཛམ་བུ་གླིང་གི་ནམ་མཁའ་བེེཌཱུརྱ་སྔོན་པོའི་མདོག་ཏུ་སྣང་བ་བཞིན་དུ་བ་ལང་སྤྱོད་ཀྱི་ནམ་མཁའ་དམར་པོ་དང་། སྒྲ་མི་སྙན་གྱི་ནམ་མཁའ་སེར་པོ་དང་། ལུས་འཕགས་པོའི་ནམ་མཁའ་དཀར་པོ་སྣང་བའི་ཕྱིར་རོ། །རི་རབ་ལ་སོགས་པའི་སྒྲ་དོན་ཡང་ཡོད་དེ། རི་བརྒྱད་པོ་ཀུན་གྱི་གཙོ་བོ་ཡིན་པས་ན་རི་རབ་དང་། བར་པ་རྣམས་ཀྱི་མིང་ནི་ཕལ་ཆེར་རྩེ་མོའི་དབྱིབས་ཀྱི་མིང་གིས་བཏགས་པ་ཡིན་པས། རྩེ་མོ་ཤིང་རྟའི་གཉའ་ཤིང་གི་དབྱིབས་སུ་ཡོད་པས་ན་གཉའ་ཤིང་འཛིན་དང་། རྩེ་མོ་གཤོལ་མདའ་ལྟར་ཡོད་པས་ན་གཤོལ་མདའ་འཛིན་དང་། འདི་ལ་གསེར་གྱི་སེང་ལྔེང་ཡོད་པས་ན་སེང་ལྡེང་ཅན་དང་། རྩེ་མོའི་དབྱིབས་ལྷག་པར་མཛེས་པས་ན་ལྟ་ན་སྡུག་དང་། རྩེ་མོ་རྟའི་རྣ་བ་ལྟར་མཛེས་པས་ན་རྟ་རྣ་དང་། རྩེ་མོ་གོང་མ་རྣམས་ལ་འདུད་པའི་ཚུལ་གྱིས་ཡོད་པས་ན་རྣམ་འདུད་དང་། འདིས་རི་ནང་མ་རྣམས་ལ་མུ་ཁྱུད་ཀྱི་ཚུལ་དུ་བསྐོར་ཏེ་གནས་པས་ན་མུ་ཁྱུད་འཛིན་རི་ཞེས་བཤད་པའི་ཕྱིར། ཕྱི་མ་ནི་རི་མཚོ་གླིང་རྣམས་ལ་འཁོར་ཡུག་ཏུ་ཡོད་པས་ན་ཁོར་ཡུག་གི་རི་ཞེས་བཤད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:རི་

|; |@@@ | | }}