73959
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁམས་གཞི་བཀྲམ་རི་ཆེན་སྤྲུལ་སྐུ་ནི། སྐུ་ཕྲེང་གོང་རིམ་ལྟར་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་གསན་བསམ་མཛད། བར་ཁམས་ཁུལ་དུ་བསྟན་འགྲོའི་སྨན་ཡོན་ཆེ་བས། རྒྱལ་དབང་བཅུ་བཞི་བ་ཆེན་པོས་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་ཀྱི་གཟིགས་བཟོས་གནང། དགེ་བཤེེས་ལྷ་རམས་པའི་མཚན་བཏགས་གྲུབ་སྟེ་སྨད་རྒྱུད་གྲྭ་ཚང་དུ་ཞུགས། གཞིས་དགོན་བཀྲམ་གཞི་དགོན་དུ་ཕེབས་ཏེ་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་སྨད་རྒྱུད་ལྟར་བཙུགས་ཀྱང་དུས་འགྱུར་གྱིས་ཐུགས་བཞེད་བཞིན་མ་གྲུབ། |