73960
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། རི་ཆོས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་ཐམ་པ་ཡིན། བརྗོད་བྱ། དྲག་རླུང་གནད་ལྔ། འཕོ་བ་ཧཱུཾ་དམར། སྟོང་ཉིད་རྡོ་རྗེའི་ཚིག་དྲུག ནད་གདོན་ཧཱུཾ་ཆོས་མ། གསང་གཅོད་རྣལ་ལམ་མ། འཛག་སྲུང་རྣམས་ཀྱི་དམིགས་རིམ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། བཀའ་བཞི་བརྒྱུད་པའི་བཅུད་འདུས་ཏཻ་ལོ་པ། །ནཱ་རོ་ཏཱ་པ་མར་པ་མི་ལ་དང་། །དྭགས་པོ་ཕག་གྲུ་གླིང་རས་རྒྱ་རས་རྗེ། །ཀོ་བྲག་རྒོད་ཚང་ས་པཎ་འབྲི་གུང་དབོན། །རིན་ཆེན་རྣམ་བཞིའི་ཐུགས་སྲས་ཡང་དགོན་པ། །སྤྱན་སྔ་ཟུང་ཕུག་པ་དང་འབའ་ར་བ། །སྨོན་ལམ་པ་དང་སླེ་ཆུང་བསོད་དཔལ་བཟང་། །ཡར་རྒྱབ་ཀུན་སྤངས་བསོད་ནམས་རྒྱལ་མཆོག་པ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། འབྲོག་མིའི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |