74038

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རི་བོ་གངས་ཅན་ (1)
Part of speech མིང་ཚིག
Definition འབྲས་ལྗོངས། ཤར་འབྲུག་ཡུལ་གྱི་བར་དུ་བསྲངས་པའི་རིང་ཐུང་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་ཙམ་དང་། ཞེང་ལ་ལྷོ་ནས་བྱང་བར་སྤྱི་ལེ་ཉིས་བརྒྱ་ནས་སུམ་བརྒྱ་ལྔ་བཅུ་བར་ཡོད། མཐོ་ཚད་ལ་ཆ་སྙོམས་སུ་རྒྱ་མཚོའི་ངོས་ནས་སྨི་དྲུག་སྟོང་ཙམ་ཡོད། ཡོངས་གྲགས་ལ་ཧི་མ་ལ་ཡ་ཟེར།
Foreign བལ་བོ།
Synonyms རི་བོ་གངས་ཅན། ཀེ་ལ་ཤའི་རྒྱལ་པོ། གངས་རིའི་དབང་པོ། ཁ་བའི་ལྷུན་པོ། དཀའ་ཟློག་བླ་མ། འགོག་བྱེད། སྲིད་པའི་གངས་རྒན།

{{#arraymap:རི་བོ་གངས་ཅན་

|; |@@@ | | }}

རི་བོ་གངས་ཅན་ (2)
Part of speech མིང་ཚིག
Definition གངས་ཏེ་སི་ལ་ཡང་རི་བོ་གངས་ཅན་ཞེས་གྲགས།

{{#arraymap:རི་བོ་གངས་ཅན་

|; |@@@ | | }}

རི་བོ་གངས་ཅན་ (3)
Part of speech མིང་ཚིག
Definition ཁ་བྱང་བལྟའི་ཟླ་བའི་སྟོབས་དང་ལྡན་པའི་སྲིབ་རི་ཞིག་སྟེ། དེར་བསིལ་སྨན་སྐྱེས་ཡོད་པར་བཤད།
Domain གསོ་རིག

{{#arraymap:རི་བོ་གངས་ཅན་

|; |@@@ | | }}

རི་བོ་གངས་ཅན་ (4)
Part of speech མིང་ཚིག
Definition དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །ཆུ་བོ་སི་ཏཱའི་བྱང་ཕྱོགས་ན། །རི་བོ་གངས་ཅན་ཡོད་པར་གསུངས། །དེ་ཡི་འགྲམ་ན་ཤམྦྷ་ལ། །གྲོང་ཁྱེར་བྱེ་བ་དགུ་བཅུ་དྲུག ། དེ་ན་རྒྱལ་པོའི་ཕོ་བྲང་མཆོག ། ཀཱ་ལ་པ་ཞེས་བྱ་བ་ཡོད། །དེ་ན་སྤྲུལ་པའི་རྒྱལ་པོ་རྣམས། །ལོ་གྲངས་བརྒྱད་བརྒྱ་ཆོས་གསུངས་སོ། །དེས་ན་རི་བོ་གངས་ཅན་དུ། །རྫུ་འཕྲུལ་མེད་པས་འགྲོ་མི་ནུས། །མངོན་པ་ལས་ཀྱང་འདི་སྐད་གསུངས། །འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུར་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་སོགས་མཚན་ཉིད་རྒྱས་པར་གསུངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། དཔལ་ལྡན་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལས། འཛམ་གླིང་འདིིའི་ཆུ་ཞེང་ཆེ་བ་ལ་ཆུ་བོ་སི་ཏཱ་ཡོད། དེའི་བྱང་ན་རི་བོ་གངས་ཅན་ཡོད་པར་གསུངས་ཤིང། རི་བོ་གངས་ཅན་དེའི་འགྲམ་ན་ཤམ་བྷ་ལའི་ཡུལ་གྲོང་ཁྱེར་བྱེ་བ་དགུ་བཅུ་དྲུག་ཡོད་པས་རྒྱལ་ཕྲན་དགུ་བཅུ་རྩ་དྲུག དེ་ན་རྒྱལ་པོའི་ཕོ་བྲང་མཆོག་ཀ་ལཱ་པ་ཞེས་བྱ་བ་དང། དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དང། མ་ལ་ཡའི་སྐྱེད་མོས་ཚལ་ཡོད་ལ། དེ་ན་སྤྲུལ་པའི་རྒྱལ་པོ་ཟླ་བ་བཟང་པོ། ལྷ་དབང། གཟི་བརྗིད་ཅན། ཟླ་བས་བྱིན། ལྷ་དབང་ཕྱུག སྣ་ཚོགས་གཟུགས་། ལྷའི་དབང་ལྡན་རྣམས་ཀྱིས་ལོ་གྲངས་བརྒྱ་བརྒྱར་རྩ་རྒྱུད་ཀྱི་ཆོས་གསུངས་སོ། །མངོན་པ་ལས་ཀྱང་འདི་སྐད་གསུངས་ཏེ། ཡུལ་དབུས་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་རི་བོ་གངས་ཅན་ཡོད་ལ། དེ་ནས་རི་སྤོས་ངད་ལྡན་པ་ཡོད་པའི་ཚུར་རོལ་དཔག་ཚད་བཅུ་ཡོད་པ་ན། མཚོ་མ་དྲོས་པ་ཆུ་ཞེང་དང་ཟབས་སུ་དཔག་ཚད་ལྔ་བཅུ་ཡོད་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཡོད་ལ། དེའི་གཡས་རོལ་ན་ཤིང་འཛམ་བུ་ཞེས་བྱ་བ་འབྲས་བུ་རྫ་མ་ཙམ། རོ་སྦྲང་རྩི་འདྲ་བ་ཡོད་པ་སོགས་མཚན་ཉིད་རྒྱས་པར་གསུངས་སོ། །རྨ་བྱ་ཆེན་མོའི་མདོ་ལས་ཀྱང། རི་ཡི་རྒྱལ་པོ་གངས་ཅན་དང། །རི་ཡི་རྒྱལ་པོ་ཏི་སེ་དང། །ཞེས་ཐ་དད་དུ་གསུངས་པའི་ཕྱིར་དང། གངས་ཅན་གྱི་སྐད་དོད་ནི་ཧི་མ་ལ་ཡ་དང། ཏི་སེའི་སྐད་དོད་ལ་ཀེ་ལ་ཤ་བཤད་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:རི་བོ་གངས་ཅན་

|; |@@@ | | }}

རི་བོ་གངས་ཅན་ (5)
Part of speech མིང་ཚིག
Definition མངོན་པ་མཛོད་ནས་བཤད་པའི་འཛམ་གླིང་འདི་ཀའི་ནང་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གནས་པའི་གངས་རི་སྟེ། མཛོད་ལས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །ཞེས་གསུངས་པའོ། །

{{#arraymap:རི་བོ་གངས་ཅན་

|; |@@@ | | }}