74155

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རི་རབ་ཀྱི་བང་རིམ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ་མཛོད་ནས་བཤད་པའི་ཉི་ཟླ་སྐར་མ་སོགས་གཞལ་མེད་ཁང་ན་གནས་པའི་རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་ཀྱི་རྟེན་རི་བོ་རྣམས་ཏེ། གཡུའི་རྡོ་རྗེ་ཅན། ཆུ་ཤེལ་ལས་གྲུབ་པ་པདྨ་སྤུངས་པ་ཤེལ་འོད་ཅན། གསེར་ལས་གྲུབ་པ་འཁོར་ལོ་རྣམ་བརྩེགས། བྱི་རུ་ལས་གྲུབ་པ་རིན་པོ་ཆེ་འབར་བ། དེ་དག་གི་བར་གྱི་ཐག་ནི་སྟོང་ཕྲག་བཅུ་བཅུ་ཡོད། དང་པོ་རི་རབ་ལས་འབུར་དུ་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་། གཉིས་པ་བརྒྱད་དང་། གསུམ་པ་བཞི་དང་། བཞི་པ་སྟོང་ཕྲག་གཉིས་འཕགས་སོ། །བང་རིམ་དང་པོ་དེ་ལ་གནོད་སྦྱིན་ལག་ན་གཞོང་ཐོགས་རྣམས་གནས། །གཉིས་པར་འཕྲེང་ཐོགས་རྣམས་གནས། །གསུམ་པར་རྟག་ཏུ་མྱོས་རྣམས་གནས་འདི་དག་ཀྱང་ལྷ་རྒྱལ་ཆེན་རིས་བཞི་པའི་ནང་ཚན་ཡིན། བཞི་པ་ལ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པའི་ལྷ་རྣམས་གནས། དེའི་ཕྱིར་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:རི་རབ་ཀྱི་བང་རིམ་བཞི་

|; |@@@ | | }}