74206

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རི་སྐྱེལ་ཤིང་ (1)
Part of speech མིང་ཚིག
Definition དུར་ལྔའི་ནང་གསེས་ཕུང་བོ་རིར་བསྐྱལ་ནས་བྱ་གཡེང་བྱེད་པ་ལ་ཟེར་ཞིང་། གཤིན་པོའི་ཕུང་བོ་ལ་དུར་དེ་བྱ་རུང་མིན་གཉིས་ཡོད་པ་ལས་མི་རུང་བའི་རིགས་ལ་ཡང་སྐྱེས་དུས་ཀྱི་ཆ་ནས་མི་རུང་བ་དང་། འཆི་དུས་ཀྱི་ཆ་ནས་མི་རུང་བ། གཉིས་ཀའི་ཆ་ནས་མི་རུང་བ། ཤི་རྐྱེན་གྱི་ཆ་ནས་མི་རུང་བ། རོ་རིགས་ཀྱི་ཆ་ནས་མི་རུང་བ་བཅས་ཁག་ལྔ་ཙམ་ཡོད་ཅིང་། རུང་བའི་རིགས་ལའང་སྐྱེས་དུས་ཀྱི་ཆ་ནས་རུང་བ་དང་། འཆི་དུས་ཀྱི་ཆ་ནས་རུང་བ། ཤུལ་ལུས་གསོན་ལོའི་ཆ་ནས་རུང་བ་བཅས་གསུམ་ཙམ་ཡོད། དུར་དེ་བྱ་མི་རུང་བའི་ནང་གསེས་སྐྱེས་དུས་ཀྱི་ཆ་ནས་མི་རུང་བ་ནི་རང་ལོ་གཤེད་བཞིའམ་རུས་ཆེན་ཀུངས་ཡིན་པའི་གཤིན་ཕུང་། འཆི་དུས་ཀྱི་ཆ་ནས་མི་རུང་བ་ནི་བབས་སྤར་མཚམས་སྤར་བཞི་དང་། བབས་སྨེ་ལྔ་སེར། རེས་གཟའ་སྤེན་པ། སྐར་མ་མཚམས་སྐར་བཞི། གནམ་ལོ་གླང་ལུག་ཁྱི་འབྲུག ཟླ་བ་ཐ་ཆུང་བཞི། ཞག་པོ་གཤེད་བཞིའི་ཉི་མ་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་། གཉིས་ཀའི་ཆ་ནས་མི་རུང་བ་ནི་སྐྱེ་འཆིའི་སྐབས་ཀྱི་ལོ་ཟླ་ཞག་དུས་བཞི་ལས་གང་རུང་གི་དབང་ཁམས་ས་ཡིན་པའི་གཤིན་ཕུང་། ཤི་རྐྱེན་གྱི་ཆ་ནས་མི་རུང་བ་ནི་འགགས་གྲི་དང་། མཆེར་ནད། རྦབ་གྲི། དོང་དུ་བསྐྱུར་བ་སོགས་ལས་གང་རུང་གིས་ཤི་བའི་གཤིན་ཕུང་། རོ་རིགས་ཀྱི་ཆ་ནས་མི་རུང་བ་ནི་བཀྲ་རོ་དང་། སྲིའུ་རོ། སྨྱོན་པའི་རོ་སོགས་ཡིན། འདིར་བཤད་པ་ཅི་རིགས་འདོམ་ན་དེ་བས་ཀྱང་རིར་སྐྱེལ་མི་རུང་བས་ཞིབ་མོར་བརྟག་པ་གཅེས། རུང་བའི་ནང་གསེས་སྐྱེས་དུས་ཀྱི་ཆ་ནས་རུང་བ་ནི་རང་ལོ་སྟག་ཡོས་སམ་རྟ་སྦྲུལ་ཡིན་པའི་གཤིན་ཕུང། འཆི་དུས་ཀྱི་ཆ་ནས་རུང་བ་ནི་གནམ་ལོ་སྟག་ཡོས་སམ་རྟ་སྦྲུལ་དང་། བབས་སྤར་ཟིན་ནམ་ལི། བབས་སྨེ་དམར་གཉིས་སམ་བཞི་ལྗང་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་། ཤུལ་ལུས་གསོན་ལོའི་ཆ་ནས་རུང་བ་ནི་ནང་མི་རང་ལོ་བྱ་སྤྲེལ་ཅན་མང་བའི་གཤིན་ཕུང་བཅས་ཡིན།
Domain རྩིས་རིག

{{#arraymap:རི་སྐྱེལ་ཤིང་

|; |@@@ | | }}