74298

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རིག་པའི་གནས་ལྔ་ (1)
Part of speech མིང་ཚིག
Definition ནང་དོན་རིག་པ། གསོ་བ་རིག་པ། གཏན་ཚིགས་རིག་པ། སྒྲ་རིག་པ། བཟོ་རིག་པ།

{{#arraymap:རིག་པའི་གནས་ལྔ་

|; |@@@ | | }}

རིག་པའི་གནས་ལྔ་ (2)
Part of speech མིང་ཚིག
Definition སངས་རྒྱས་བསྟན་པའི་ཆ་རྐྱེན་ནམ་གདུལ་བྱ་ཐར་བའི་ལམ་དུ་བཀྲི་བའི་ཐབས་སུ་བསྟན་པའི་ཤེས་རིག་མ་ལག་ཞིག་སྟེ། དེ་ལ་རིག་པའི་གནས་ཆེ་བ་ལྔ་ཞེས་ཀྱང་བྱའོ། །ལྔ་ནི། བཟོ་རིག་པ་དང། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ། ནང་རིག་པ་དང་ལྔ་སྟེ། མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཅིག་ལས། བཟོ་དང་སྒྲ་དང་གསོ་བ་དང། ཕྱི་ནང་རིག་པ་གཉིས་དང་ལྔ། ཞེས་སོ། །དེ་ལྔའི་གསུང་རབ་བོན་ནི། ཤེར་ཕྱིན་སྐབས་དང་པོ་ལས། བཟོ་རིག་པའི་འབུམ་གསུམ་ལྟ་བུའོ། །འབུམ་གསུམ་ནི། བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ་དང། སྲིད་པའི་མིའུ་རྒྱུད་ཀྱི་འབུམ་དང། འབྱུང་བ་ཆགས་གསན་འཇིག་སྟོང་གི་འབུམ་དང་གསུམ། ཞེས་སོ། །སྒྲ་རིག་པ་ནི། དེ་ཉིད་ལས། སྒྲ་ཚད་ཀྱི་འབུམ་གསུམ་ལྟ་བུའོ། །དེ་གསུམ་ནི། ལྷ་སྲིན་འཁྲུག་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་མོ། །ཞེས་སོ། །གསོ་རིག་ནི། དེ་ཉིད་ལས། སྨན་འབུམ་གསུམ་ལྟ་བུའོ། །དེ་གསུམ་ནི། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་སྨན་འབུམ་དཀར་པོ་དང་གསུམ་མོ། །ཞེས་སོ། །ཕྱི་རིག་ནི། དེ་ཉིད་ལས། ཕྱི་རིག་པའི་འབུམ་གསུམ་ལྟ་བུའོ། །དེ་གསུམ་ནི་སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ། ཞེས་སོ། །ནང་རིག་ནི། དེ་ཉིད་ལས། ཀླུ་འབུམ་དཀར་ནག་ཁྲ་གསུམ་ལྟ་བུའོ། །ཞེས་སོ། །རིག་གནས་ལྔ་བསྟན་པའི་དགོས་པ་ནི། དེ་ཉིད་ལས། སངས་རྒྱས་ཀྱི་བསྟན་པའི་གཞིར་གྱུར་ཞིང་། གཞན་རྗེས་སུ་བཟུང་བའི་ཕྱིར་ཏུ། བཟོ་རིག་པ་དང། བསྟན་པ་ལ་མ་རྟོག་ལོག་རྟོག་ཐེ་ཚོམ་གྱི་རྒོལ་བ་ཐམས་ཅད་ཚར་བཅད་ནས། ངེས་དོན་ཡང་དག་པར་བསྒྲུབ་པའི་ཕྱིར་དུ། སྒྲ་ཚད་རིག་པ། འགྲོ་བ་ནད་ཀྱི་ཟུག་རྔུ་བསལ་ཞིང་། ལུས་སྲོག་གསོ་བར་བྱ་བའི་ཕྱིར། གསོ་བ་རིག་པ། ལེགས་ཉེས་རྩིས་ཀྱིས་སྟོན་ཞིང་། སྣང་སྲིད་ཞི་བདེར་བཅོས་པའི་ཕྱིར་དུ། ཕྱི་རིག་པ། བགེགས་གདོན་ཐབས་ཀྱིས་བཅོམ་སྟེ། མཆོག་ཐུན་རང་རྒྱུད་ལ་ཐོབ་པར་བྱ་བའི་ཕྱིར་དུ། ནང་རིག་པ་རྣམས་གསུངས་པའི་ཕྱིར། ཞེས་སོ། །

{{#arraymap:རིག་པའི་གནས་ལྔ་

|; |@@@ | | }}