74333

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རིག་བྱེད་དང་རིག་བྱེད་མ་ཡིན་པ་ལྡན་མི་ལྡན་ཀྱི་མུ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རིག་བྱེད་དང་ལྡན་ལ་རིག་བྱེད་མ་ཡིན་པ་དང་མི་ལྡན་པའང་ཡོད་ཅེས་པ་མུ་བཞི་སྟེ། སྡོམ་པ་སྡོམ་མིན་གཉིས་ཀ་མ་ཡིན་པའི་བར་མ་དེར་གནས་པ་ཞིག་ཀུན་སློང་དགེ་མི་དགེའི་སེམས་ཞན་པ་སྟེ་དྲག་པོ་མ་ཡིན་པའི་སེམས་ཀྱིས་དགེ་མི་དགེའི་ལུས་ངག་གི་རིག་བྱེད་དག་བྱེད་ན་ནི་རྣམ་པར་རིག་བྱེད་ཉིད་དང་ལྡན་ལ་རིག་བྱེད་མ་ཡིན་པ་དང་ནི་མི་ལྡན་ནོ་འདིར་དགེ་མི་དགེའི་སེམས་ཞན་པ་ཞེས་སྨྲོས་པ་ནི་སེམས་དྲག་པོས་བྱེད་ན་ནི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །དགེ་མི་དགེའི་སེམས་ཞན་པས་ཀྱང་རིག་བྱེད་མ་ཡིན་པ་སྐྱེད་མི་ནུས་ན་ལུང་མ་བསྟན་གྱིས་བྱེད་ན་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར་རོ། །འདིར་ཡང་སྤྱིར་བཏང་བ་སྟེ་དམིགས་ཀྱིས་བསལ་ན་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་དང་། སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་རྣམས་ནི་སེམས་ཞན་པ་དང་ལུང་མ་བསྟན་གྱིས་བྱེད་ཀྱང་རིག་བྱེད་མིན་པ་དང་ལྡན་ནོ། །ཚེ་འདིའི་རྣམ་པར་རིག་བྱེད་བཏང་བ་དང་ཕྱི་མའི་རྣམ་པར་རིག་བྱེད་མ་སྐྱེས་པའི་འཕགས་པའི་གང་ཟག་དག་ནི་རྣམ་པར་རིག་བྱེད་མིན་པ་ཁོ་ན་དང་ལྡན་ཏེ། རིག་བྱེད་ནི་འགགས་ཤིང་མ་སྐྱེས་ལ་ཟག་མེད་ཀྱི་སྡོམ་པའི་ཐོབ་པ་དང་ངེས་པར་ལྡན་པའི་ཕྱིར་རོ། །འདི་ཡང་ས་འཕོས་པ་དག་གི་དབང་དུ་མཛད་པ་ཡིན་གྱི་ས་མ་འཕོས་པ་ནི་སོ་སོའི་སྐྱེ་བོ་བསམ་གཏན་གྱི་སྡོམ་པ་ཐོབ་པ་ཤི་འཕོས་པ་ལའང་དེ་ཡིན་པའི་ཕྱིར་རོ། །གཉིས་ཀ་དང་ལྡན་པ་ནི་སྡོམ་པ་དང་སྡོམ་མིན་དང་ལྡན་པ་རིག་བྱེད་དང་བཅས་པའོ། །གཉིས་ཀ་དང་མི་ལྡན་པ་ནི་གཟུགས་མེད་ཀྱི་སོ་སོའི་སྐྱེ་བོའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།