74354

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རིག་བྱེད་ལྷ་མོ་ (1)
Part of speech མིང་ཚིག
Definition སྔོན་རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་བྱ་བ། འབངས་འཁོར་དང་བཙུན་མོ་མང་དུ་མཆིས་པ་ཞིག་ཡོད་པ་ལ། དེའི་བཙུན་མོ་སྣང་ཆེན་ཞིག་ཡོད་པའི་ཉེ་འཁོར་དུ་རྒྱལ་པོ་འབྱོར་དུ་མ་འདོད་པ་ལ། བཙུན་མོ་དེས་རང་གི་གཡོག་མོ་ཤེས་ལྡན་ཞིག་ཡོད་པ་ལ་རྒྱལ་པོ་དབང་དུ་མ་བྱ་བའི་རིག་པ་ཚལ་ལ་ལོག་ཅེས་བསྒོས་པས། བྲན་མོ་དེས་ཚོང་འདུས་ཀུན་དང་བྱེ་བྲག་ཏུ་སྐུད་པ་འཚོང་བའི་ཚོང་ཤིག་ཏུ་ཕྱིན་པ་ན། བུད་མེད་དམར་སྨུག་ཤིན་ཏུ་མཛེས་ཤིང་སྣུམ་པ་ཞིག་དང་ཕྲད་དེ་དེ་ལ་གཏམ་དྲིས་པས། གང་དམིགས་པ་དེ་ལ་འདི་སྦྱིན་ཅིག་གསུངས་ནས་བཟའ་རྒྱུའི་རིགས་ཤིག་བསྐུར་པ་དེ་བཙུན་མོོར་གཏད་ནས་ལོ་རྒྱུས་བསྙད་པས། བཙུན་མོས་རྒྱལ་པོ་ལ་འདྲེན་མ་ནུས་པར་ཕོ་བྲང་ཉེ་ལོགས་ན་མཚོ་ཆུང་ཞིག་ཡོད་པ་ལ་བསྐུར་ཏོ། །དེར་མཚོ་དེའི་ཀླུ་དབང་དུ་འདུས་པས། ཀླུ་རྒྱལ་པོར་བརྫུས་ཏེ་བཙུན་མོའི་སར་ཡོང་ནས་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར། དེར་རྒྱལ་པོ་ཁྲོས་ནས་བཙུན་མོ་ལ་ཆད་པ་བསྒོས་པ་ལ། བཙུན་མོས་སྔར་གྱི་རྒྱུ་མཚན་བསྙན་པས། རྒྱལ་པོས་དྲིས་པས། དེ་ཉིད་བཅོམ་ལྡན་འདས་མར་ཤེས་ནས་ཞབས་ལ་འཇུས་ཏེ་རྗེས་སུ་འཛིན་པར་ཞུས་པ་ན། དེས་རྗེས་སུ་བཟུང་ཞིང་གདམས་པ་གནང་བ་དག་བྱིན་གྱིས་བརླབས་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་གྱུར་ཏོ། །དེ་ལྟ་བུའི་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པ་དེས་ལྷ་མཆོག་འདིའི་སྒྲུབ་ཐབས་མཛད་ཅིང༌། དེ་ལས་རིམ་པར་བརྒྱུད་དེ་རྡོ་རྗེ་གདན་པ་ཆུང་བ་ལས་བ་རི་ལོ་ཙཱ་པ་དང། དེས་ལས་ས་ཆེན་གོང་མ་ལྔ་སོགས་བརྒྱུད་དེ་བོད་དུ་དར་བ་ཡིན་ལ། འདིའི་གདམས་པ་ལས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བསྒྲུབ་ནུས་ཀྱང་གཙོ་བོ་དབང་སྡུད་ཀྱི་ལས་བསྒྲུབ་པ་ལ་མཆོག་ཏུ་བསྔགས། ལྷ་འདི་བསྒྲུབ་ན་ཤེས་རབ་འཕེལ་བ་དང་ཆོས་ཀྱི་དཔལ། འབྱོར་བ། དབང་ཕྱུག་ཆེ་བ་སོགས་ཀྱི་ཕན་ཡོན་མྱུར་བར་གསུངས། འདིའི་རྒྱུད་ལ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་སོགས་ཡོད།