74376
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་འདུས་ལེའུ་དང་པོར་གཏན་ཚིགས་འབྱུང་ཁུངས་ཀྱི་གླེང་གཞིའི་སྐབས་འཁོར་ལྔ་ཕྲག་བཅུ་གསུམ་དུ་ཕྱེ་བའི་ལྔ་ཚན་གཅིག་སྟེ། སྒྲ་ལ་གནས་པའི་རིག་འཛིན་དང། སའམ་ལམ་ལ་གནས་པའི་རིག་འཛིན་དང། ཚེ་ལ་གནས་པའི་རིག་འཛིན་དང། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང། ལྷུན་གྱིས་གྲུབ་པའི་རིག་འཛིན་ཏེ། ལྔ་པོ་ལམ་ལྔར་གནས་པའི་རྣལ་འབྱོར་པ་དག་ལ་རིམ་པར་རིག་འཛིན་གྱི་སྒོ་ནས་མཚན་ལྔར་བཏགས་པའོ། ། |
| Domain | ཆོས་ལུགས། |