74590
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁྱད་པར་བརྗོད་པའི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། བརྗོད་འདོད་ཀྱི་དངོས་པོ་གང་ཡང་རུང་བ་ཞིག་ལ་རང་གི་རིགས་ཀྱི་ཆ་ལག་གམ་ཁྱད་ཆོས་གང་ཡང་མ་ཚང་ནའང་། རིགས་ཀྱི་ཁྱད་ཆོས་དེ་དག་ཚང་བ་དང་ཁྱད་མེད་པའི་བྱེད་ལས་ཁྱད་འཕགས་ཅན་ཡོད་པར་སྟོན་པ་ལྟ་བུ་ཞིག་ལ་ཟེར། |
| Example | བོད་མཁས་པས། སྒྱུ་རྩལ་མཁན་འདི་ཧོར་གྱི་རྒྱལ་ཁམས་དང་། །ཀུ་ཤའི་གྲོང་ན་སྤྱོད་པའི་རིགས་མིན་ཡང་། ། འདི་ན་ལང་ཚོའི་སྟོབས་ཅན་སྙེམས་འཆང་ཀུན། །ར་སྐྱེས་གཞོན་ནུའི་ལང་ཚོར་མངོན་པར་སྦྱོར། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |