74598

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རིགས་མཐུན་ལྡོག་པ་ཅན་ (1)
Part of speech མིང་ཚིག
Definition ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་བཅུ་པ་སྟེ། བརྗོད་འདོད་ཀྱི་དངོས་པོ་དེ་ཉིད་ལ་རང་དང་རིགས་མཐུན་པའི་དངོས་པོ་གཞན་དག་གི་ཁྱད་ཆོས་དང་མི་ལྡན་ཞིང་། རིགས་མཐུན་པའི་དངོས་པོ་དེ་དག་ལས་ཐ་དད་པའི་ཁྱད་ཆོས་གཞན་གྱི་སྒོ་ནས་སོ་སོར་དབྱེ་བ་འབྱེད་པ་ཞིག་ཡིན།
Example བོད་མཁས་པས། གཙང་བྱེད་འབར་བའི་ཕྲེང་བས་འཚིག་མིན་ཞིང་། །རབ་དྭངས་ཆུ་བོའི་རྒྱུན་གྱིས་མི་འདག་པ། ། ལང་ཤོར་བློ་ཡི་དྲི་མ་ངན་པ་འདིས། །རང་གཞན་དགེ་བཅུའི་སྤྱོད་བཟང་ངང་གིས་སྒྲིབ། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག