74654

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རིགས་ལྡན་གནས་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་སྔོན་འགྲོ་ཕྱི་ཡི་བསྙེན་པ་ཞེས་བྱ་སྟེ། གཙོ་བོར་ཕྱིའི་གནས་དང་དཔོན་གསས་གྲོགས་རྣམས་བཙལ་ཅིང་ཉེ་བར་བསྟེན་པའི་དོན་ཡིན་པས། འདིར་དེ་རྣམས་ལས་ཕྱིའི་བསྒྲུབ་གནས་ལ་གཞུང་རང་རང་གི་སྒོ་དང་མཐུན་པའི་མཚན་རྟགས་བཟང་པོའི་ཁྱད་པར་དང་ལྡན་པ་བཙལ་ཅིང་གནས་པའི་དོན་ཏེ། ཕྱི་ལྟར་རྟགས་བརྒྱད་སོགས་བཀྲ་ཤིས་ཕུན་སུམ་ཚོགས་པའི་གནས་དང་། ནང་ལྟར་རིགས་རྟགས་ཀྱི་མཚན་དང་ལྡན་པ། གསང་བ་ལྟར་ཕྲིན་ལས་རྣམ་བཞིའི་ཕྱོགས་མདོག་དང་ལྡན་པའི་བསྒྲུབ་གནས་བཙལ་ཅིང་ཉེ་བར་བསྟེན་པའི་དོན་ནོ། །དེ་ལ་དབྱེ་ན། ཕྱི་ཡི་གནས་ལ་བསྙེན་པ། ནང་གི་གནས་ལ་བསྙེན་པ། གསང་བའི་གནས་ལ་བསྙེན་པ་དང་གསུམ་དུ་བཤད་དེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རིགས་ལྡན་གནས་ལ་བསྙེན་པ་ནི། །རིགས་ལྡན་གཡུང་དྲུང་འཁོར་ལོ་དང་། །པད་མ་ནོར་བུ་རྒྱལ་མཚན་སོགས། །གནས་ནི་བསྐྱེད་པའི་ས་གཞི་ལ། །དེ་ཡི་མཚན་རྟགས་ཆགས་པ་གནས། །དེ་ཡང་ཕྱི་ནང་གསང་བ་གསུམ། །ཕྱི་ལྟར་བཀྲ་ཤིས་ཕུན་ཚོགས་གནས། །ནང་ལྟར་རིགས་རྟགས་མཚན་ལྡན་གནས། །གསང་བ་ཕྲིན་ལས་རྣམ་བཞི་གནས། །ཞེས་པ་སོགས་རྒྱ་ཆེར་གསུངས་པས་ཤེས་སོ། །དེ་དག་ལ་ཡང་གཞིའི་བསྙེན་པ་ཞེས་བྱའོ། །ནང་གསེས་ཕྱི་ནང་གསང་གསུམ་གྱི་གནས་ལ་བསྙེན་པ་དེ་དག་གི་དོན་མ་ཚིག་གཞན་གྱི་སྐབས་ན་གསལ་ལོ། །
Domain ཆོས་ལུགས།